རང་ཁུལ་གྱིས་ནགས་རྩྭ་མེ་ཟོན་ཉེན་སྟོན་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཨོ་རྒྱན་གྱིས་བྲིས།        2023-04-03

སྤྱི་ཟླ3པའི་ཚེས30ཉིན་གྱི་སྔ་དྲོར། ཁུལ་ཡོངས་ཀྱི་ནགས་ཚལ་རྩྭ་ཐང་མེ་ཟོན་ཉེན་སྟོན་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་དར་མདོ་མཛའ་གཞས་ཐང་ཆེན་དུ་སྤེལ་བ་རེད།

ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་མི་དམངས་འཐུས་ཚོགས། ཁུལ་ནགས་ཚལ་མེ་ཟོན་རུ་ཁག། མེ་ཟོན་རོགས་སྐྱོབ་རུ་ཁག། དར་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་དང་ནགས་ཚལ་རྩྭ་ཐང་ཅུས་སོགས་ལས་ཁུངས་ཆེ་གྲས་ཀྱི་མགོ་ཁྲིད་དང་ལས་སྒྲུབ་མི་སྣ་བྱེད་སྒོར་ཞུགས་པ་རེད།

བྱེད་སྒོའི་ཡུལ་དངོས་སུ་ཁུལ་ནགས་ཚལ་མེ་ཟོན་རུ་ཁག་དང་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་གོ་མཚོན་འགྲེམ་སྟོན་དང་འགྲེལ་བརྗོད་བྱས་པ་དང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་མེ་ཟོན་བརྙན་ལམ《གསར་བརྗེའི་ཉེན་ཟོན་ས་ཐིག》དང《དམག་འཁྲུག་གི་མེ་ལྕེའི་རིགས》ཞེས་པ་བཤམས་སྟོན་བྱས་ཤིང་། ཁུལ་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་ནགས་ཚལ་རྩྭ་ཐང་མེ་ཟོན་ལ“ངས་གྲོས་འགོ་འདོན། ངས་དམ་བཅའ་བྱེད”ཅེས་པའི་མིང་རྟགས་འགོད་སར་འགན་ཁུར་ཞིང་། མིང་རྟགས་འགོད་སའི་གྱང་ངོས་སུ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་རྣམ་གཉིས་ཀྱིས་གཙོ་བོར་བྱས་པའི་བྱེད་སྒོར་ཞུགས་མཁན་ཡོངས་ཀྱིས་མིང་རྟགས་བཀོད་པ་རེད། ད་དུང་བྱེད་སྒོ་རུ་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་ནགས་ཚལ་མེ་གསོད་སྒྲིག་ཆས་འགྲེམ་སྟོན་ལ་ལྟ་སྐོར་བྱས་པ་དང་། དར་མདོ་མཛའ་གཞས་དབྱངས་རྟའི་བརྒྱུད་འཛིན་པས་གླུ་ངག་གི་མཆོད་པ་ཕུལ་བ་སོགས་བྱས་ཡོད།། 


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་སྲིད་གཙང་སློབ་གསོ་དང་གནད་དོན་མངོན་གསལ་དོད་པོ་བཅུ་བཅོས་སྒྲིག་བྱེད་སྒོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:ཁུལ་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་ལིའུ་ཞུའེ་ལིན་གྱིས་ཁྲིམས་སྐྱོང་ཆུ་ཚད་མཐོན་པོའི་ཞབས་ཞུས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་འགན་ལེན་བྱ་དགོས་ཞེས་བཤད།
  • དོ་སྣང་ཆེ་བའི་རྩོམ།