དར་མདོར་ནོར་གནག་ཐོན་ལས་སྐོར་གྱི་གྲོས་ཚོགས་ཤིག་འཚོགས།

ཨོ་རྒྱན་གྱིས་བསྒྱུར།        2023-04-04

      ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་ནོར་གནག་ཐོན་ལས་འདུ་འཛོམས་ལས་གཞི་ལས་ཀར་སྐུལ་འདེད་དང་ལག་རྩལ་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོགས་པ་རེད། ཚོགས་འདུར་ནོར་གནག་ཐོན་ལས་འདུ་འཛོམས་འཛུགས་སྐྲུན་གྱི་ལས་ཀའི་ཉམས་མྱོང་དང་། དཀའ་ངལ་གྱི་གནད་དོན། འབྲེལ་ཡོད་གྲོས་འགོ་བཅས་ལ་གྲོས་བསྡུར་བྱས་པ་དང་། 2023ལོའི་ལས་དོན་ཇུས་འགོད་དང་བཀོད་སྒྲིག་བྱས་པར་མ་ཟད། ཐོན་ལས་འདུ་འཛོམས་འཛུགས་སྐྲུན་གྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་ལག་རྩལ་གསོ་སྦྱོང་གི་མཛུབ་ཁྲིད་ཞབས་ཞུ་ཡང་བྱས་པ་རེད།

      ཚོགས་འདུའི་ཐོག་བསྟན་དོན། སི་ཁྲོན་ཞིང་ཆེན་དཀར་མཛེས་ནོར་གནག་ཐོན་ལས་འདུ་འཛོམས་ལས་གཞི་ནི་རྒྱལ་ཡོངས་ཀྱི་ནོར་གནག་ཐོན་ལས་འདུ་འཛོམས་ལས་གཞིའི་གྲས་ཤིག་ཡིན་པ་དང་ལས་གཞི་དེར་རྩྭ་ཕྱུགས་དོ་སྙོམས་དང་། ཕྱོགས་བསྡུས་ཐོན་རྫས་རིན་ཐང་མཐོར་གཏོང་། འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་གཏོང་། བཟོ་སྣོན་ནུས་པ་མཐོར་གཏོང་། སྤུས་རྟགས་ལེགས་གཏོང་། ཁེ་ཕན་འབྲེལ་མཐུད་ཟབ་གཏོང་སོགས་དམིགས་ཚད་ཆེན་པོ6ཇུས་འགོད་བྱས་པར་གྲུབ་འབྲས་ངེས་ཅན་ཐོབ་ཡོད།

      ཚོགས་འདུར་བསྟན་དོན། ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་མཉམ་ལས་ལ་ཤུགས་བསྣན་ནས་ལས་གཞི་འཛུགས་སྐྲུན་ཚང་མ་དུས་ཐོག་ཏུ་ཁྱོན་ཡོངས་ནས་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱ་དགོས་པ་དང་། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་ལ་དམིགས་པ་དང་། དཀའ་གནད་འཚོལ་བ། དཀའ་གནད་སེལ་བ། རོགས་སྐྱོར་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་བསྣན་པ་བཅས་བྱས་ནས་ལས་གཞི་གཅིག་ཀྱང་ཉུང་དུ་གཏོང་མི་རུང་བ། མཐུད་སྐྲུན་ལས་གཞི་ཡག་པོ་སྒྲུབ་པ་དང་། བསམ་ཕྱོགས་ལེགས་སུ་གཏོང་བ། འཆར་འགོད་བཟོ་བ་བཅས་བྱས་ནས་ལས་གཞི་འཛུགས་སྐྲུན་བརྟན་པོའི་ངང་སྐུལ་འདེད་གཏང་དགོས། ལས་གཞིའི་དཔྱད་ཡིག་ཁྱོན་ཡོངས་ནས་ལེགས་སྒྲིག་དང་ལོ་འཁོར་དབྱེ་ནས་ལེགས་སྒྲིག་བྱས་ཏེ་ཐོག་མའི་དཔྱད་ཡིག་ཆ་ཚང་ཉར་ཚགས་བྱ་རྒྱུ། ལས་གཞི་དྲིལ་བསྒྲགས་ལ་ཤུགས་བསྣན་ནས་ལས་གཞི་འཛུགས་སྐྲུན་གྱི་བཀྲག་མདངས་འཚེར་ས་རང་འགུལ་ངང་ཕྱོགས་བསྡུས་སྔོག་འདོན་བྱས་ནས་ཞིང་ཆེན་ཡོངས་ཀྱི་ནོར་གནག་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་དཔྱད་གཞིར་འཛིན་པའི་དཔེ་སྟོན་བྱས་པ་རེད།

     ཚོགས་འདུར། ལས་གཞི་ལག་བསྟར་གྱི་སྤྱིའི་གནས་ཚུལ་སྙན་སེང་ཞུས་པ་དང་། ཞིང་ཆེན་རྩྭ་ལས་ལག་རྩལ་ཞིབ་འཇུག་ཁྱབ་གདལ་ལྟེ་གནས་ཀྱི་འགན་འཁུར་བ་དཀར་མཛེས་ནོར་གནག་ཐོན་ལས་འདུ་འཛོམས་ལས་གཞི་རྫོང་དང་གཉེར་སྐྱོང་གཙོ་བོས་གཏམ་བཤད་བྱས་པ་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་སི་ཁྲོན་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གདན་དྲངས་ནས་ནོར་གནག་ཚད་ལྡན་ཅན་གྱི་གསོ་ཚགས་དང་། ཡུག་པོ་སོགས་སྤུས་ལེགས་གཟན་རྩྭ་འདེབས་འཛུགས་དང་བཟོ་སྣོན། གཟན་སྤྱོད་མ་རྨོས་ལོ་ཏོག་འདེབས་འཛུགས་ཀྱི་ལག་རྩལ་གསར་པ་སོགས་གསོ་སྦྱོང་བྱས་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ནོར་གནག་ཐོན་ལས་འདུ་འཛོམས་ལས་གཞིའི་འཛུགས་སྐྲུན་བྱེད་པའི་ལོ་གཉིས་པ་དེ་ཡིན་ཞིང་། ལས་གཞི་དེ་ལག་བསྟར་བྱས་པ་ནས་བཟུང་། རང་ཁུལ་གྱི་ནོར་གནག་ཐོན་ལས་འདུ་འཛོམས་འཛུགས་སྐྲུན་དངོས་གཉེར་ལ་ཕན་འབྲས་ཆེན་པོས་སྐུལ་འདེད་བཏང་ཡོད། མིག་སྔའི་བར2022ལོའི་ནོར་གནག་ཐོན་ཁུལ་རྫོང་གཙོ་བོ13(རྒྱལ་ཁབ་ཀྱི་གཏན་འབེབས་འདུ་འཛོམས་རྫོང10དང་ཁུལ་གྱི་གཏན་འབེབས་རྫོང3མཉམ་དུ་འདུ་འཛོམས་གཏན་འཁེལ)བྱས་པ་དང་། ཐོན་ལས་འདུ་འཛོམས་ལས་གཞི32ལག་བསྟར་བྱས་ནས་ལས་གཞི22ལེགས་འགྲུབ་བྱུང་ཞིང་། མ་དངུལ་སྒོར་དུང་ཕྱུར3.04བཏང་ཞིང་། ནོར་གནག་ཐོན་ལས་འདུ་འཛོམས་ཀྱི་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་བཏང་བ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར14ཙམ་འཕར་ཡོད། ནོར་གནག་ཐོན་ལས་གསར་སྤེལ་བྱ་རྒྱུ་དེ་འབྲོག་ཁུལ་ཕྱུགས་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད། 


  • ལེ་ཚན་སྔོན་མ།:སྟོབས་ཤུགས་གཅིག་བསྒྲིལ་གྱིས་རི་སྔོ་ཆུ་དྭངས་སྲུང་ཞིང་སྐྱོང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།