ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་བྱ་དོན་གཞུང་ལས་ཁང་གི་མགྲིན་ཚབ་པས་ཚའེ་ཡིང་ཝུན་གྱིས་རྒྱལ་མཚམས་སྒྲོལ་ནས་ཨ་རིར་བསྐྱོད་པའི་ཐད་གསལ་བསྒྲགས་སྤེལ་བ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-04-07

ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་བྱ་དོན་གཞུང་ལས་ཁང་གི་མགྲིན་ཚབ་པས་སྤྱི་ཚེས་6ཉིན་ཚའེ་ཡིང་ཝུན་གྱིས་རྒྱལ་མཚམས་སྒྲོལ་ནས་ཨ་རིར་བསྐྱོད་པའི་ཐད་གསལ་བསྒྲགས་སྤེལ་ཡོད།
གསལ་བསྒྲགས་ནང་། དུས་མཚམས་ཤིག་རིང་། དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་དུས་བབ་ལ་བརྡར་ཤ་གཅོད་ནོར་ཤོར་ནས། ཀྲུང་གོ་དང་ཨ་རིའི་འཐབ་ཇུས་འགྲན་རྩོད་ཀྱིས་ཨ་རིར་བརྟེན་ནས་རང་བཙན་ཡོང་རེ་བྱེད་ཟེར་བར་གོ་སྐབས་ཐོབ་སྙམ་ཏེ་ཐབས་ངན་ཡོད་རྒུ་སྤྱད་དེ་ཕྱི་ཕྱོགས་སྟོབས་ཤུགས་དང་ངལ་འབྲེལ་བྱས་པ་དང་། ཨ་རིའི་རྗེས་སུ་བསྙེགས་ན་འཛེམ་མེད་ངང་ཐའེ་ཝན་རང་བཙན་ཟེར་བའི་ལྐོག་ཇུས་ལམ་ལྷོངས་ཡོང་གི་རེད་བསམ་ནས། མི་རིགས་ཀྱི་ཁེ་ཕན་ལ་རྒྱབ་གཏོད་བྱས་ཡོད། རྒྱལ་མཚམས་སྒྲོལ་བ་ཟེར་བ་ནི་ཁ་གཡར་ས་ཙམ་ཡིན་པ་དང་། ཐའེ་ཝན་རང་བཙན་ཡོང་རེ་བྱེད་པ་ནི་ཁོ་ཚོའི་གདོང་རིས་ངོ་མ་དེ་ཡིན།
ཚའེ་ཡིང་ཝུན་དང་དམར་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ཐའེ་ཝན་རང་བཙན་ཟེར་བའི་ནོར་འཁྲུལ་གྱི་ལངས་ཕྱོགས་ཨུ་ཚུགས་མཐར་སྐྱེལ་བྱེད་པ་དང་། ཏང་གཅིག་གི་སྒེར་དོན་ཆེད་དུ་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཨ་རིའི་སྟོབས་ཤུགས་ཀྱི་ངན་རོགས་བྱས་པ་དེས། ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཡིན་པའི་དོན་དངོས་ལ་འགྱུར་ལྡོག་གཏོང་མི་ཐུབ་པར། རྒྱ་ཆེའི་ཐའེ་ཚན་སྤུན་ཟླར་གནོད་འཚེ་ཚབས་ཆེན་བཟོ་རྒྱུ་ལས་མ་འདས།
ང་ཚོས་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ལ་ནན་ཏན་སྒོ་ནས་བཤད་རྒྱུར། ཐའེ་ཝན་རང་བཙན་ཟེར་བའི་ལྐོག་ཇུས་རྦད་དེ་དོར་དགོས། དེ་ལྟར་མ་བྱས་ཚེ། ཐའེ་ཝན་རང་བཙན་ཟེར་བ་ཡོང་རེ་བྱེད་པའི་བྱ་སྤྱོད་གང་རུང་གིས་ཀྲུང་ཧྭ་བུ་ཕྲུག་གིས་ཐའེ་ཝན་རང་བཙན་ཟེར་བར་ངོ་རྒོལ་དང་། རྒྱལ་ཁབ་གོང་བུ་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོའི་འོག་ཤ་ཐོར་རུས་ཐོར་དུ་འགྲོ་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཁྲིམས་འགལ་གྱི་བྱེད་སྤྱོད་འདི་དག་མཐོང་ཚེ། ཚང་མས་ཐེར་འདོན་གནང་དང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།