དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་གྱིས་མཉམ་སྐྲུན་དང་མཉམ་སྐྱོང་། མཉམ་སྤྱོད་ཀྱི་གནས་བབ་གསར་པ་བསྐྲུན།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-04-10

དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་གྱིས་མཉམ་སྐྲུན་དང་མཉམ་སྐྱོང་། མཉམ་སྤྱོད་ཀྱི་གནས་བབ་གསར་པ་བསྐྲུན།
དང་བླངས་ཞབས་ཞུ་རུ་ཁག་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་སྒྲོག་འགྲེལ་ལས་དོན་སྤེལ།

སྤྱི་ཚོགས་ཁོངས་ཀྱི་བཅོས་སྐྱོང་དེང་རབས་ཅན་གྱི་ལས་དོན་སྤེལ་ཚུན། དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་གྱིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ། གྲོང་ཁྱེར་ཏང་ཨུ་བཅས་ཀྱི་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མི་དམངས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་ཤིང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་གཉིས་དམ་དུ་བཟུང་ནས་གཙོ་གནད་གཅིག་གིས་སྣེ་ཁྲིད་པ་དང་སྣ་མང་མཉམ་བཅོས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་བྱེད་སྟངས་གསར་པ་འཚོལ་ཞིབ་དང་། དུད་ཚང་བཅུ་ཡིས་མཉམ་འབྲེལ་འགན་ལེན་དང་རིམ་ལྔ་མཉམ་འགུལ། གྲོང་སྡེ་དུ་མས་མཉམ་འབྲེལ་ཚོད་འཛིན་བྱས་པའི10+5+N ཡི་ལས་དོན་སྒྲུབ་སྟངས་སྤྱད་ནས། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ལས་དོན་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་བསྐུལ་ཏེ་མཉམ་སྐྲུན་དང་།མཉམ་བཅོས།མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གནས་བབ་གསར་པ་མགྱོགས་མྱུར་བསྐྲུན་པར་བརྟེན། གྲོང་རྡལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

གཙོ་གནད་གཅིག་གིས་སྣེ་ཁྲིད་དེ་བཅོས་སྐྱོང་ལ་སྐུལ་འདེད་བཏང་།

སྐྱ་གད་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ལ་ཤུགས་བརྒྱག་རྒྱུ་གཙོར་འཛིན་པ་མཐའ་འཁྱོངས་ནས། ལྟེ་བར་དམིགས་ཏེ་ཏང་སྐྱོང་ལ་དམ་འཛིན་བྱས་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་བརྟན་པོ་བཅངས་ཏེ་བསམ་བློ་གཅིག་མཐུན་དང་། དམིགས་ཚད་ཕྱོགས་མཚུངས། བཀོད་སྒྲིག་མཉམ་བྱེད། སྐུལ་སྤེལ་ཟློས་མཐུན་བཅས་ཐུབ་པ་བྱས་ནས་ཏང་སྐྱོང་གིས་གྲོང་རྡལ་དེའི་གྲོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་བརྒྱུད་རིམ་ཧྲིལ་པོར་སྣེ་ཁྲིད་པར་སྐུལ་འདེད་ཧུར་ཐག་བཏང་བ་རེད།

སྐྱ་གད་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་ཟུང་དུ་འབྲེལ་བའི་ལས་དོན་སྤེལ་སྟངས་ལ་རྒྱུན་ཆད་མེད་པར་བསྐུལ་ནས་ཏང་མིའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་ཀྲི་པུའུ་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚུགས་དོ་དམ་ས་ཁོངས་སུ་འཛུགས་པ་དང་། ཏང་མི་དོ་དམ་ས་ཁོངས་སུ་བཙུད་དེ་ཨུ་ལྷན་གཉིས་ཀྱི་ཚན་པའི་ཁོངས་མིས་དྲྭ་མིག་ས་ཁོངས་ལ་དོ་དམ་དང་། ལས་ཐོག་ཏང་མི་དྲྭ་མིག་ས་ཁོངས་སུ་ཞུགས་པ། དང་བླངས་ཞབས་ཞུ་རུ་ཁག་གི་དྲྭ་མིག་ས་ཁོངས་སུ་བཅའ་སྡོད་བྱེད་པ། དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་གསར་པ་གཉིས་ཀྱིས་དྲྭ་མིག་ས་ཁོངས་དང་འབྲེལ་བ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་དྲྭ་མིག་ས་ཁོངས་ཏང་རྩ་འཛུགས་ཀྱིས་ཏང་མི་གོང་བུ་གཅིག་འགྲིལ་དང་དྲྭ་མིག་ཅན་དོ་དམ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས།

སྣ་མང་མཉམ་བཅོས་བྱས་ནས་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་།

མི་དམངས་མང་ཚོགས་ཞུགས་པ་དང་གྲོང་ཁོངས་བཅོས་སྐྱོང་གི་ཕན་འབྲས་ཐོན་པའི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་ཏེ་སྐྱ་གད་གྲོང་རྡལ་གྱིས་གྲོང་ཁོངས་བཅོས་སྐྱོང་དེང་རབས་ཅན་གྱི་ཁྲོད་མི་དམངས་མང་ཚོགས་ཀྱི་ནུས་པ་གཙོ་འདོན་གང་ལེགས་བྱས་ནས་མི་དམངས་མང་ཚོགས་གྲོང་ཁོངས་བཅོས་སྐྱོང་གི་བྱེད་པོ་དང་གྲོང་ཁོངས་བཅོས་སྐྱོང་གི་ཕན་པ་ཐོབ་མཁན་ངོ་མར་བསྒྱུར།

ཏང་མི་རྒན་གྲས་དང་ལས་བྱེད་པ་རྒན་གྲས། དགེ་རྒན་རྒན་པ། དཔེ་བཟང་རྒན་གྲས། དམག་ཞབས་ནས་ཐིམས་པའི་དམག་མི་རྒན་གྲས་བཅས་མི་སྣ་རྒན་གྲས་ལྔ་ཡི་གྲོང་ཁོངས་བཅོས་སྐྱོང་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་ཧུར་ཐག་བྱས་ནས་ཏང་མི་དང་ཡུལ་སྡེ་ཡི་མཁས་པ་རྒན་གྲས་ལྔ། སྤྲོ་སེམས་ཆེ་བའི་མང་ཚོགས། དང་བླངས་པ་བཅས་ཀྱིས་གཙོས་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཞབས་ཞུ་རུ་ཁག25བཙུགས་པ་རེད། དང་བླངས་པ་གྲོང་ཚོ་དང་རུ་ཁག་ཏུ་བསྐྱོད་པར་ཁྲིད་སྟོན་བྱས་ཏེ་གྲོང་མི་དང་མང་ཚོགས་བར་སེམས་པ་གཅིག་མཐུན་དང་། ངོ་ཐུག་པ། དོན་དངོས་ནས་སྤེལ་རེས་དང་མཉམ་འགུལ་བྱས་ནས་གཞི་རིམ་གྱི་དགོས་མཁོ་ཤེས་རྟོགས་བྱས་ཏེ་དྲོ་སྐྱིད་ཀྱི་ཞབས་ཞུ་སྣ་ཚོགས་དུས་ཐོག་ཏུ་མི་སེར་དཀྱུས་མའི་ཁྱིམ་ཚང་དུ་སྤེལ་ནས་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་སྒྲོག་འགྲེལ་དང་རྒྱལ་གཅེས་སློབ་གསོ་ཁྱིམ་ཚང་ཚང་མར་ཁྱབ་པར་བྱས།

རིམ་རྩིས་བྱས་པ་ལྟར་ན། ད་ལོ་ནས་བཟུང་ཆེད་དོན་སྒྲོག་འགྲེལ་ཚོགས་འདུ་ཐེངས13འཚོགས་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་ལ་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་དྲིལ་བསྒྲགས་ཐེངས50ལྷག་བྱས་པས་མི་དམངས་མང་ཚོགས་གྲོང་ཁོངས་བཅོས་སྐྱོང་ལས་དོན་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་ཕྱིན་ཡོད་པ་རེད། གྲོང་ཁོངས་བཅོས་སྐྱོང་བྱ་རྒྱུ་ནི་མི་དམངས་ལ་བདེ་སྐྱིད་ཡོང་ཆེད་དང་། མི་དམངས་ལ་བརྟེན་ནས་མཉམ་འཛུགས་བྱ་དགོས་པ། གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་བཅས་བྱུང་ཡོད། ཏང་ཨུས་འགོ་ཁྲིད་དང་སྲིད་གཞུང་གིས་འགན་འཁུར། ཚོགས་པས་སྐུལ་འདེད། སྤྱི་ཚོགས་ཀྱིས་མཉམ་རོགས། སྤྱི་དམངས་ཞུགས་པ་བཅས་ཀྱི་སྤྱི་ཚོགས་མཉམ་བཅོས་ཁོར་ཡུག་ཆགས་ཡོད།

བྱེད་ཐབས་གསར་པས་རྨང་གཞི་བརྟན་དུ་བཏང་།

སྐྱ་གད་གྲོང་རྡལ་གྱིས་དུད་ཚང་བཅུ་ཡིས་མཉམ་འབྲེལ་འགན་ལེན་དང་རིམ་ལྔ་མཉམ་འགུལ། གྲོང་ཚོ་དུ་མས་མཉམ་འབྲེལ་ཚོད་འཛིན་གྱི10+5+Nགྱི་ལས་ཀའི་བྱེད་ཐབས་གསར་དུ་བཏོད། དུད་ཚང་བཅུ་ཚན་པར་བྱས་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་ལས་དོན་འགན་ཁུར་ནན་ཏན་བྱེད་པ། མང་ཚོགས་ཀྱི་བརྩི་མཐོང་བྱེད་པའི་ཏང་མི་དང་མང་ཚོགས་དྲྭ་མིག་དོ་དམ་པ་རྒན་པའི་འགན་ཁུར་ནས་ལྟ་སྐུལ་ཚོད་འཛིན་པའི་དྲིལ་བསྒྲགས་ནུས་པ་བཏོན་ཏེ་གྲོང་ཁྱེར་རིམ་པའི་མགོ་ཁྲིད་ཀྱིས་གྲོང་རྡལ་ལ་འགན་ཁུར་བ་དང་གྲོང་རྡལ་མགོ་ཁྲིད་ཀྱིས་ཡུལ་ཕྱོགས་ལ་འགན་ཁུར་བ། སྤྱིར་བཏང་ལས་བྱེད་པས་གྲོང་ཚོ་ལ་འགན་ཁུར་བ། གྲོང་ཚོའི་ལས་བྱེད་པས་དྲྭ་མིག་དོ་དམ་ས་ཁོངས་ལ་འགན་ཁུར་བ། དྲྭ་མིག་དོ་དམ་པས་ཞིང་དུད་ལ་འགན་ཁུར་བ་བཅས་ཀྱི་མཉམ་འགུལ་ལམ་སྲོལ་ཆགས་ཡོད།

གྲོང་ཁྱེར་རིམ་པའི་འབྲེལ་གཏུག་མགོ་ཁྲིད་ཀྱིས་མཛུབ་ཁྲིད་ལ་ཤུགས་རྒྱག་པ་དང་ཡུལ་ཕྱོགས་འགན་ལེན་མགོ་ཁྲིད་ཀྱིས་འགན་འཁྲི་ཏན་ཏིག་འཁུར་བ། གྲོང་ཚོའི་འགན་ལེན་ལས་བྱེད་པས་ལས་འགན་ཞིབ་ཕྲ་དོན་ལ་འཁྱོལ་བ། གྲོང་ཚོའི་ལས་བྱེད་པས་ལས་དོན་ཁག་གཙོ་བོར་འཛིན་པ། དྲྭ་མིག་དོ་དམ་པས་འབྲེལ་ཐག་གི་ནུས་པ་འདོན་པ་བཅས་ཀྱི་རིམ་ལྔའི་མཉམ་འགུལ་ལས་ཀའི་ལམ་སྲོལ་བརྒྱུད་ནས་ཆ་འཕྲིན་ཐོགས་པ་མེད་པ་བསྒྲགས་པ་དང་ཆ་འཕྲིན་འཚོལ་བསྡུ། གནད་དོན་ཐག་གཅོད་མགྱོགས་པ་བྱེད་པའི་མཉམ་ཤུགས་ཆགས་ཡོད།

དྲྭ་མིག་ཅན་གྱི་ལས་ཀའི་མ་ལག་བརྒྱུད་སྐྱ་གད་གྲོང་རྡལ་གྱིས་འགལ་བ་དང་རྩོད་གཞིའི་མི་མངོན་པའི་རྐྱེན་ངན་ཚགས་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་འབྱུང་རྩ་ནས་ཤེས་རྟོགས་དང་སེལ་ཐབས་ཀྱི་ལས་ཀའི་དམིགས་འབེན་གྲུབ་ཡོད། 2020ལོ་ནས་བཟུང་འགལ་ཟླ་དང་རྩོད་གཞི་ཁྱོན50ལྷག་བཤེར་འདུམ་བྱས་ཡོད། གཉེན་སྒྲིག་གི་རྩོད་གཞི་སེལ་ཚད་བརྒྱ་ཆ90ནས་བརྒྱ་ཆ98བར་མཐོ་རུ་སོང་། སྤྱི་ཚོགས་བདེ་འཇགས་ཀྱི་གནད་དོན་ཉུང་དུ་སོང་ནས་ལས་དོན་ཁག་དོན་ཐོག་ཞིབ་ཏུ་འཁྱོལ་ནས་གྲོང་ཁོངས་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།། 


  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཡིས་ས་འགུལ་གནོད་རྗེས་ཉམས་གསོ་བསྐྱར་སྐྲུན་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།