ཞི་ཅིན་ཕིང་གི་དཔེ་ཆ་འདི་ཚོ་དཔར་འགྲེམས་བྱས་འདུག།

ནོར་བུས་བསྒྱུར།        2023-04-11

     ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་གཞོགས་འདེགས་བྱ་ཆེད། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཨུ་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་གི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་བཅས་དང་མཉམ་འབྲེལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིཏང་གི་རང་ངོས་གསར་བརྗེའི་རྣམ་བཤདདང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་ཚུལ་དང་བརྟག་ཐབས་སྨྲ་བའི་ཆེད་དོན་གཅེས་བསྒྲིགས།》 《ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་རྣམ་བཤད་གཅེས་བསྒྲིགསབཅས་སློབ་སྦྱོང་དཔྱད་གཞི་གསུམ་སོ་སོར་རྩོམ་སྒྲིག་བྱས་པར་མ་ཟད། རྒྱལ་ཡོངས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད། 

     སློབ་སྦྱོང་དཔྱད་གཞི་གསུམ་པོའི་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་སྙན་ཞུ་དང་། གསུང་བཤད། རྩོམ་ཡིག། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེ་བསྡུ་རུབ་གཅེས་བསྒྲིགས་བྱས་ཡོད་པ་དང་། དེའི་ནང་གི་ནང་དོན་འགའ་ཤས་ཡོངས་བསྒྲགས་འགྲེམས་སྤེལ་ཐེངས་དང་པོ་རེད། 
   རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་ཇི་མ་ཇི་བཞིན་བྱེད་པ་དང་། བསམ་བློ་མང་ཙམ་གཏོང་བ། གོ་བ་གཏིང་ཟབ་ལོན་པ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོནབཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་སྲ་ཞིང་བརྟན་པའི་ཕུགས་བསམ་དང་། ཏང་གཤིས་ཞུན་བརྡར་དང་ལག་ལེན་མཛུབ་ཁྲིད། ལས་དོན་ལ་སྐུལ་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱ་དགོས།།



  • ལེ་ཚན་སྔོན་མ།:སློབ་གསོའི་སྐོར་གྱི་དེབ་རྩ་ཆེན་ཞིག་པར་དུ་བསྐྲུན་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།