ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ཚོགས་འདུ་དར་མདོར་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2023-04-12

སྤྱི་ཟླ4པའི་ཚེས6ཉིན། 2023ལོའི་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ཚོགས་འདུ་དར་མདོར་འཚོགས་ཤིང་། ཚོགས་འདུར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ལག་བསྟར་ཤུགས་ཆེན་བྱས་ནས་འཕྲོད་བསྟེན་བདེ་ཐང་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། 2022ལོའི་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་ཕྱོགས་བསྡོམས། 2023ལོའི་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཆུང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་ཞའོ་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་།

ཚོགས་འདུར2023ལོའི་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ཚོགས་འདུ་དང་། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ཚོགས་འདུ། ཞིང་ཆེན་ཡོངས་ཀྱི་རྩྭ་སྨན་སྨན་རྫས་ལས་དོན་སྐོར་འདེད་ཚོགས་འདུ། ཞིང་ཆེན་ཡོངས་ཀྱི་རྩྭ་སྨན་སྨན་རྫས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ཚོགས་འདུའི་སྙིང་དོན་བཅས་ཡིག་ཐོག་ནས་བརྒྱུད་བསྒྲགས་བྱས་པ་རེད།

ཚོགས་འདུར་འཕྲོད་བསྟེན་བདེ་ཐང་ལས་དོན་ནི་དམངས་འཚོའི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད། ཁྱིམ་ཚང་ཁྲི་སྟོང་གི་བདེ་སྐྱིད་ཁམས་བཟང་དང་འབྲེལ་བ་ཡོད་པས། ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ཏང་འཛུགས་སྐྱོལ་ལ་བརྟེན་ནས་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོར་འགྲོ་རྒྱུར་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་ཏེ། འཕྲོད་བསྟེན་བདེ་ཐང་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་དང་གནད་ཐུག་ས་ཁག་ཏུ་ཏང་གི་འགོ་ཁྲིད་དོན་འཁྱོལ་ཏན་ཏིག་བྱ་དགོས་ཞེས་ནན་པོར་བསྟན་པ་རེད།

ཚོགས་འདུར་རྫོང(གྲོང་ཁྱེར)ཁག་དང་སྡེ་ཁག་སོ་སོས་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རང་བཞིན་གལ་ཆེན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། འཕྲོད་བསྟེན་བདེ་ཐང་ལས་དོན་ཡག་པོ་སྒྲུབ་པའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་ལས་ཀའི་སྤྱོད་ཚུལ་འགྱུར་ལྡོག་བྱ་དགོས། ལས་ཀའི་འགན་འཁྲི་ནན་ཏུ་གཏོང་བ་དང་གཙོ་གནད་ས་ཁོངས་དང་གཙོ་གནད་མི་ཚོགས་མངོན་གསལ་དོད་པོ་ཡོང་བ། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱེད་པ། འཕྲོད་བསྟེན་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འདུ་འགོད་དུ་བརྩི་རྒྱུ་རྒྱུན་འཁྱོངས་ནས་གཙོ་གནད་ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པ་བྱ་དགོས། ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ཐད་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་དམིགས་འབེན་ལ་དམ་པོར་དམིགས་ནས། གཙོ་གནད་ཆེ་ས་དམ་འཛིན་དང་དཀའ་གནད་ཆེ་ས་འགག་སྒྲོལ། ཁྱད་ཆོས་མངོན་གསལ་ཆེ་ས་སྟོན་པ་བཅས་བྱས་ཏེ་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏང་དགོས་ཞེས་བླང་བྱ་བཏོན་པ་རེད།།



  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གིས་རྩྭ་ཐང་སྲུང་སྐྱོང་ལས་དོན་སྤེལ།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།