ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2023-04-12

ཧྲེན་དབྱང་གིས་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་། ཧྥུང་ཧྥ་ཀུའེ་དང་ཧྲུའུ་ཏ་ཁྲུན་ཚོགས་འདུར་ཞུགས།

སྤྱི་ཟླ4པའི་ཚེས4ཉིན་ལ་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཤུགས་ཆེན་བྱས་ཏེ་ཏང་ཀྲུང་དབྱང་དང་ཞིང་ཨུའི་བརྟག་དཔྱད་ཞིབ་འཇུག་ཆེས་ཆེར་བྱ་རྒྱུའི་སྐོར་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་ནུས་དང་ཆུ་ཚད་མཐོ་རུ་བཏང་བ་དང་གནད་དོན་ཤེས་རྟོགས་དང་དབྱེ་ཞིབ་དེ་བས་ལེགས་པའི་སྒོ་ནས་གནད་དོན་ཐག་གཅོད་པར་དམིགས་ནས་ཞིབ་བསྡུར་སྤེལ་རེས་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་སོགས་སློབ་སྦྱོང་ནང་ཞུགས་པ་རེད།

ཚོགས་འདུ་མ་འཚོག་གོང་ལྟེ་བའི་ཚོ་ཆུང་གི་ཁོངས་མིས་སློབ་སྦྱོང་གི་བརྗོད་བྱ་གཙོ་བོར་དམིགས་ནས་རང་སྦྱོང་ནན་ཏན་བྱས་པར་མ་ཟད།བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མྱོང་ཚོར་ཡང་བྲིས་ཡོད། བློ་མཐུན་ཏེང་ལི་ཅུན་དང་ཝང་ཡུས་ཆུང་། སྐལ་བཟང་གཡུང་དྲུང་སོགས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་དང་། ཧྲུའུ་ཏ་ཁྲུན་དང་ཧྥུང་ཅིང་ཧྥུང་གིས་ཚོགས་འདུར་སྐབས་བསྟུན་མཉམ་འགུལ་རྣམ་པའི་ཐོག་གཏམ་བཤད་གནང་བ་རེད། ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་དང་། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་གྲོལ་ནས་ཡུན་རིང་མ་སོང་བར། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱ་དགོས་པའི་འབོད་སྐུལ་བྱས་པར་མ་ཟད། དེ་ཉིད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་གཙོ་དོན་སློབ་གསོའི་ལས་དོན་གྱི་ནང་དོན་གལ་ཆེན་དུ་བརྩིས་པ་དེས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཁྱོན་ཡོངས་ནས་ལེགས་པོ་དང་གོམ་སྟབས་ལེགས་པོ་སྤོ་བར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད། བརྟག་དཔྱད་ཞིབ་འཇུག་གི་ཁྱིམ་བརྒྱུད་ནོར་བུ་འདི་བརྒྱུད་འཛིན་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས་བརྟག་དཔྱད་ཞིབ་འཇུག་ཡག་པོ་བྱེད་པའི་བསམ་བློའི་རང་རྟོགས་དང་།ཆབ་སྲིད་ཀྱི་རང་བཞིན།བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་སྔར་བས་ཤུགས་བརྒྱབ་སྟེ་མདུན་གྲལ་དུ་སྐྱོད་པ་དང་མིག་དཔེ་བསྟན་ནས་སྤུས་ཚད་མཐོ་བའི་བརྟག་དཔྱད་ཞིབ་འཇུག་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་གསུངས་པ་རེད།

ཚོགས་འདུར་བླང་བྱ་བཏོན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་བརྟག་དཔྱད་ཞིབ་འཇུག་བྱ་དགོས། མདུན་དུ་སྐྱོད་པའི་ལམ་བུའི་ཐོག་གི་གནད་དོན་ཐག་གཅོད་བྱེད་པའི་ཐད་བརྟག་དཔྱད་ཞིབ་འཇུག་ལ་བརྟེན་དགོས། ལས་དོན་དངོས་ཀྱི་ནང་བརྟག་དཔྱད་ཞིབ་འཇུག་བྱེད་སྟངས་ལེགས་བཅོས་བྱ་དགོས། གྲུབ་འབྲས་བཀོལ་སྤྱོད་ཀྱི་ཐད་ནས་བརྟག་དཔྱད་ཞིབ་འཇུག་ཆེ་རུ་གཏང་དགོས།

ཚོགས་འདུར་ནན་པོར་བསྟན་དོན། རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་མགྱོགས་མྱུར་བྱ་སྤྱོད་སྤེལ་བ། སྒྲིག་འཛུགས་ཞིབ་ཚགས་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་ཇུས་གཞི་བཟོ་བ་དང་། བརྒྱུད་རིམ་ལག་བསྟར་བྱེད་པ། ལྟ་སྐུལ་གྱི་ཕན་འབྲས་འདྲི་བ་སོགས་གནད་ཐུག་ས་ཁག་ཏུ་ལས་དོན་ཁྱོན་ཡོངས་ནས་ཡག་པོ་བསྒྲུབ་དགོས། རིམ་ཁག་ཏང་ཨུ(ཏང་ཚན་ཁག)ཡི་འགན་འཁུར་བློ་མཐུན་གཙོ་བོ་དངོས་སུ་ཞིབ་འཇུག་དང་། དངོས་སུ་བཀོད་སྒྲིག། དངོས་སུ་སྐུལ་འདེད་བཅས་བྱ་དགོས་པ་དང་། ཚན་ཁག་གི་ཁོངས་མི་གཞན་དག་གིས་ཁག་བགོས་དོ་དམ་ཁྱབ་ཁོངས་དང་ཁག་བགོས་དོ་དམ་ཚན་པའི་བརྟག་དཔྱད་ཞིབ་འཇུག་ལ་དམ་འཛིན་ཡག་པོ་བྱ་དགོས། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པས་མི་རེས་སྣེ་ཁྲིད་དེ་བརྟག་དཔྱད་ཞིབ་འཇུག་བྱ་གཞི་གཅིག་ལེགས་པར་བསྒྲུབ་དགོས། དཀའ་ངལ་མང་ཞིང་མང་ཚོགས་ཀྱི་བསམ་འཆར་གཅིག་སྡུད་ཡིན་ཞིང་ལས་དོན་སྤེལ་དཀའ་བ་བཅས་ཀྱི་ས་ཆར་བརྟག་ཞིབ་མང་ཙམ་བྱས་ཏེ་གནད་དོན་ལ་ལྟ་སྟངས་ཡང་དག་པ་འཛིན་ཞིང་། གནད་དོན་ཤེས་རྟོགས་བྱེད་མཁས་པོ་བྱས་ནས་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་་ལེགས་སུ་བསྒྱུར་ནས་ཁུལ་ཡོངས་སུ་ཡུན་རིང་བདེ་འགོད་དང་་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རིག་སྟོབས་དང་ནུས་ཤུགས་ཧུར་ཐག་འབུལ་དགོས།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་ཁོངས་མི་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད།།



  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ཚོགས་འདུ་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ནགས་ཚལ་མེ་ཟོན་ས་ཚུགས་གཉིས་པ་རྡོ་གསེག་སྤྱི་གླིང་དུ་གཞིས་ཆགས།
  • དོ་སྣང་ཆེ་བའི་རྩོམ།