རྟ་མགྲིན་རྡོ་རྗེས་བསྒྱུར། 2023-04-12
མེ་ཟོན་ས་ཚུགས་ཀྱི་སྒོ་བྱང་འགེལ་བའི་ཡུལ་དངོས།
ནགས་ཚལ་མེ་ཟོན་ས་ཚུགས་བཙུགས་པ་ཡིན་ན་ནགས་ཚལ་མེ་ཟོན་གཙོ་གནད་ས་ཁོངས་ཀྱི་མཐའ་སྣེར་མངོན་མེད་རྐྱེན་ངན་སྔ་ཙམ་ནས་ཤེས་རྟོགས་དང་། མེ་སྐྱོན་སྔོན་བརྡ་སྔ་ཙམ་ནས་གཏོང་བ། མེ་སྐྱོན་སྔ་ཙམ་ནས་ཤེས་རྟོགས་ཐུབ་པ། མེ་སྐྱོན་སྔ་ཙམ་ནས་སེལ་ཐུབ་པ་བཅས་ལ་ཕན་པ་ཡོད། ཉེ་ཆར། དཀར་མཛེས་ཁུལ་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་རྡོ་གསེག་སྤྱི་གླིང་ནགས་ཚལ་མེ་ཟོན་ས་ཚུགས་ཀྱི་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་ཡོད། དེ་ནི་རང་ཁུལ་གྱིས་གཙོ་གནད་ནགས་ཁུལ་དང་གཙོ་གནད་སྲུང་སྐྱོང་ཁུལ་གྱི་ཉེ་འགྲམ་དུ་བཙུགས་པའི་ནགས་ཚལ་མེ་ཟོན་ས་ཚུགས་གཉིས་པ་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རང་ཁུལ་གྱིས་མཉམ་སྐྲུན་མཉམ་གཏོད་དང་རུ་ཁག་དང་ས་ཚུགས་མཉམ་སྐྲུན་གྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་ནས། གཙོ་གནད་ནགས་ཁུལ(ས་ཁོངས)རང་སྲུང་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་བཏང་སྟེ་མཉམ་སྐྲུན་དང་མཉམ་སྤྱོད་ཀྱི་རྩ་དོན་ལྟར་སྟོབས་ཤུགས་ཁག་གཅིག་སྐོང་འཐེན་བྱས་ཏེ་རྡོ་གསེག་སྤྱི་གླིང་ལྗོངས་ཁུལ་གྱི་ཉེ་འགྲམ་དུ་ནགས་ཚལ་མེ་ཟོན་ས་ཚུགས་བཙུགས་ནས་འཕྲལ་མར་དམིགས་སར་འབྱོར་བ་དང་མྱུར་ཚད་མགྱོགས་ཤོས་ཀྱིས་ལག་བསྟར་ཐུབ་པ། བདེ་འཇགས་དང་ཕན་འབྲས་ཆེ་བའི་རོགས་སྐྱོབ་ཐུབ་པ་དམིགས་ཡུལ་དུ་བྱས་ནས་ནགས་ཚུལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་དང་མངོན་མེད་རྐྱེན་ངན། གནོད་སྐྱོན་སྣ་ཚོགས་ཀྱི་ལས་འཛོལ་ལ་འཚུབ་བསྟུན་རོགས་སྐྱོར་འགོག་ཟོན་བྱས་པ་རེད།
ཁུལ་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་རྟའུ་རུ་ཆེན་གྱི་རུ་དཔོན་དབྱང་ཅན་ཁྲོན་གྱིས་གསར་འགོད་པར་དཀར་མཛེས་ཁུལ་གྱི་རི་སྔོ་ཆུ་དྭངས་སྲུང་སྐྱོང་དང་རྟའུ་རྫོང་གི་སྐྱེ་ཁམས་ཡུལ་སྐོར་སྲུང་སྐྱོང་བྱ་དགོས། ང་ཚོས་ནགས་ཚལ་མེ་ཟོན་ས་ཚུགས་ཀྱི་ལས་སྟེགས་བརྒྱུད་དེ་ནགས་ཚལ་མེ་ཟོན་དཔུང་ཁག་གི་སྟོབས་ཤུགས་ལེགས་ཆ་དང་ཆེད་ལས་ཀྱི་ལེགས་ཆ། སྔོན་སྒྲིག་ནུས་པ་བཅས་བཏོན་ནས་མཉམ་འགོག་མཉམ་བཅོས་ཀྱི་རྣམ་པ་འཚོལ་ཞིབ་དང་ནགས་ཚལ་མེ་ཟོན་མཉམ་སྐྲུན་བྱེད་པ། ཆ་འཕྲིན་སྤེལ་རེས་དང་ཐོན་ཁུངས་མཉམ་སྤྱོད། མེ་སྐྱོན་དོ་དམ་ཚོད་འཛིན་བཅས་ཀྱི་ནགས་ཚལ་མེ་ཟོན་ལམ་སྲོལ་འཛུགས་ཤུགས་ཆེ་རུ་བཏང་ནས་ནགས་ཚལ་མེ་ཟོན་ལས་དོན་གྱི་མཐའ་མའི་འགག་གནད་བསལ་ཏེ། གཙོ་གནད་ས་ཁུལ་གྱི་མཐའ་མཚམས་སུ་ནགས་ཚལ་མེ་ཟོན་ཐུབ་པ་བྱས་ཡོད་ཅེས་ངོ་སྤྲོད་བྱས།
ཤེས་རྟོགས་བྱུང་བར་གཞིགས་ན། ནགས་ཚལ་མེ་ཟོན་ས་ཚུགས་དེས་སྔོན་འགོག་གཙོ་བོ་དང་མེ་གསོད་ཧུར་ཐག་བྱེད་པའི་བྱེད་ཕྱོགས་དང་མེ་སྔ་ཙམ་མེད་པར་བཟོ་བ་དང་ཆུང་ངུའི་དུས་ནས་མེད་པར་བཟོ་བ། རྩད་ནས་གསོད་ཐུབ་པ་བཅས་ཀྱི་རྩ་དོན་དམིགས་ཡུལ་དུ་བྱས་ནས་དྲིལ་བསྒྲགས་དང་སྐོར་གཡེང་།མེ་འགོག།མེ་གསོད།ཐོལ་བྱུང་འཚུབ་བསྟུན་དོན་རྐྱེན་ཐག་གཅོད་སོགས་ཀྱི་འགན་ནུས་སྣ་ཚོགས་གཅིག་ཏུ་འདུས་པ་དང་འབྲེལ་རྒྱ་ཆེ་བའི་གྲོང་མི་དང་ཡུལ་སྐོར་བར་རིན་མེད་ཀྱི་འོས་འགན་མེ་ཟོན་ཞབས་ཞུ་བྱས་ཡོད་པ་རེད།
ནགས་ཚལ་མེ་ཟོན་ས་ཚུགས་དེར་རླུང་ཤུགས་མེ་གསོད་དང་ཆུ་འཐེན་འཕྲུལ་འཁོར། ཆུ་མདའ་སོགས་རྒྱུན་གཏན་གྱི་མེ་གསོད་སྒྲིག་ཆས་དང་ཐག་པའི་རོགས་སྐྱོབ་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པ་རེད། རྡོ་གསེག་སྤྱི་གླིང་གི་འགན་འཁུར་བས་ནགས་ཚལ་མེ་ཟོན་ས་ཚུགས་བཙུགས་པ་དེས་ང་ཚོར་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཐད་ཆེད་ལས་ཀྱི་གསོ་སྦྱོང་དང་མཛུབ་ཁྲིད་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་ཐོན་ཁུངས་དང་མི་དམངས་ཀྱི་ཚེ་སྲོག་ཉེན་མེད་ཡོང་བར་འགན་ལེན་ཐུབ་ཡོད། ནགས་ཚལ་མེ་ཟོན་དཔུང་ཁག་གནས་འདིར་ཡོད་པས་ང་ཚོར་སེམས་ཁྲལ་མེད་པར་གྱུར་སོང་ཞེས་བཤད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10