ཆེད་མཁས་པས་ཡུལ་དངོས་ནས་བརྟག་དཔྱད་བྱས་ཏེ་ལི་ཐང་གི་མཐོ་སྒང་ལ་ཕུག་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རམ་འདེགས་བྱས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-04-12

ཆེད་མཁས་པས་ཡུལ་དངོས་ནས་བརྟག་དཔྱད་བྱས་ཏེ་ལི་ཐང་གི་མཐོ་སྒང་ལ་ཕུག་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རམ་འདེགས་བྱས།
ཆེད་མཁས་པས་ཡུལ་དངོས་ནས་མཛུབ་སྟོན་བྱེད་བཞིན་པའི་ཚུལ།

ཉེ་ཆར། རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི་ལས་གཞི་སྟེ། ས་ཁུལ་གསུམ་དང་ཁུལ་གསུམ་གྱི་མཐོ་སྒང་སྔོ་ཚལ་ཐོན་ལས་ཀྱི་འགག་རྩའི་ལག་རྩལ་གཅིག་སྡུད་ཞིབ་འཇུག་དང་ཉེར་སྤྱོད་དཔེ་སྟོན་ཞིབ་འཇུག་བྱ་གཞི་ཚོ་ཆུང་གི་མི11ལི་ཐང་རྫོང་དུ་ལ་ཕུག་ཐོན་ལས་ལ་བརྟག་ཞིབ་དང་མཛུབ་ཁྲིད་བྱེད་པར་བསྐྱོད་ནས་མཐོ་སྒང་ལ་ཕུག་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བརྟག་དཔྱད་བྱས་པ་རེད།

ཞིབ་འཇུག་བྱ་གཞི་ཚོ་ཆུང་ལི་ཐང་རྫོང་ཚོ་གསུམ་སྔོ་ཚལ་དེང་རབས་ཞིང་ལས་གླིང་གི་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་དང་། བཏུས་རྗེས་ཚོང་ཟོག་ཅན་དུ་བསྒྱུར་བའི་ལྟེ་གནས། དེང་རབས་ཞིང་འཕྲུལ་སྒྲིག་ཆས་མཛོད། ལ་ཕུག་ཐོན་རྫས་ལས་སྣོན་ཁུལ་སོགས་སུ་བརྟག་ཞིབ་མཛུབ་ཁྲིད་བྱེད་པར་བསྐྱོད་ནས་མཐོ་སྒང་ལ་ཕུག་རྟེན་གཞི་འཛུགས་སྐྲུན་དང་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད། བཏུས་རྗེས་ཀྱི་རིམ་ཕྱེ་གྲང་ཕྲེང་མ་ལག། ལྷག་ཚལ་གཙང་སེལ་སོགས་འགག་རྩ་ཐུག་ས་དང་ཐོན་ལས་འཕེལ་རྒྱས་ཀྱི་ཚོད་འཛིན་རྒྱུ་རྐྱེན་བརྒྱུད་རིམ་ལྡན་པའི་ངང་ཤེས་རྟོགས་བྱས་པ་རེད།

དེ་རྗེས་འཚོགས་པའི་ལི་ཐང་རྫོང་གི་མཐོ་སྒང་ལ་ཕུག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་བཞུགས་མོལ་ཚོགས་འདུར་ཞིབ་འཇུག་བྱ་གཞི་ཚོ་ཆུང་གི་ཆེད་མཁས་པས་མཐོ་སྒང་ལ་ཕུག་དང་འཕྲུལ་འཁོར་ལ་འཚམ་པའི་ས་བོན་གདམ་ག་དང་འཕྲུལ་ཆས་ཅན་གྱི་འབྲས་སྡུད་སྒྲིག་ཆས་ལེགས་བཅོས། ནད་འབུ་འགོག་བཅོས། ས་རྒྱུའི་སྤུས་ཚད་མཐོར་གཏོང་། ལྷག་ཚལ་གནོད་མེད་ཅན་དུ་བསྒྱུར་བ་སོགས་ཀྱི་ནང་དོན་ལ་གྲོས་བསྡུར་གང་ལེགས་བྱས་པར་མ་ཟད། རིག་ཚན་མང་བའི་ཆེད་མཁས་པ་ཞུགས་པའི་མཐོ་སྒང་ལ་ཕུག་ཐོན་ལས་ཀྱི་འགག་རྩའི་གནད་དོན་འགག་སྒྲོལ་ཚོ་ཆུང་བཙུགས་ཏེ། མཐོ་སྒང་ལ་ཕུག་ཐོན་ལས་འཕེལ་རྒྱས་ཀྱི་གནད་དོན་ལ་དམིགས་ནས་ལས་གཞི་ཚོ་ཆུང་གི་ཤེས་ལྡན་མི་སྣའི་ལེགས་ཆ་དང་ལག་རྩལ་འདེགས་སྐྱོར་གང་ལེགས་སྤྱད་དེ་མཐོ་སྒང་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཚན་རྩལ་ཐོན་ལས་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།།




  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ནགས་ཚལ་མེ་ཟོན་ས་ཚུགས་གཉིས་པ་རྡོ་གསེག་སྤྱི་གླིང་དུ་གཞིས་ཆགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།