གཏམ་བཟང་། ཀྲུང་གོའི་བོད་སྨན་ཐོན་ཁུངས་མཛོད་བསྐྲུན་འདུག

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-04-11

ཉེ་དུས། བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཙོ་གཉེར་བྱས་པའི་བོད་སྨན་རྒྱུན་འཛིན་དང་གོང་འཕེལ་བཏང་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་ཅེས་བརྗོད་གཞི་གཙོ་བོར་བྱས་ནས་བཙུགས་པའི་ཀྲུང་གོའི་བོད་སྨན་ཐོན་ཁུངས་མཛོད་ཅེས་པ་དངོས་སུ་ལྷ་སར་སྤྱོད་འགོ་ཚུགས་ཡོད། ཐོན་ཁུངས་མཛོད་དེ་སྤྱོད་འགོ་ཚུགས་པ་དེ་ནི་ཚན་ཞིབ་གྲུབ་འབྲས་བརྗེ་སྒྱུར་དང་ཀྲུང་ལུགས་གསོ་རིག་སྨན་རྫས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད།

གཏམ་བཟང་། ཀྲུང་གོའི་བོད་སྨན་ཐོན་ཁུངས་མཛོད་བསྐྲུན་འདུག

     མཛད་སྒོའི་ཡུལ་དངོས་སུ།  ཀྲུང་གོ་བོད་སྨན་ཐོན་ཁུངས་མཛོད་ཀྱི་འཛུགས་སྐྲུན་སྒྲུབ་འགན་འཁུར་བའི་ལག་རྩལ་འཐུས་མིས་ཚོགས་ཞུགས་པ་རྣམས་ལ་ཀྲུང་གོ་བོད་སྨན་ཐོན་ཁུངས་མཛོད་ཀྱི་སྟེགས་བུའི་སྒྲོམ་གཞི་དང་འཛུགས་སྐྲུན་རྒྱབ་ལྗོངས་ངོ་སྤྲོད་ཞིབ་ཅིང་རྒྱས་པ་གནང་ཡོད།  ཀྲུང་གོ་བོད་སྨན་ཐོན་ཁུངས་མཛོད་ནི་དེང་རབས་ལག་རྩལ་སྤྱད་དེ་བོད་སྨན་ཐོན་ཁུངས་བསྡུ་སྒྲིལ་དང་། གྲངས་གཞིའི་ཆ་འཕྲིན་ཅན་གྱི་རྣམ་པའི་ཐོག་ནས་གྲངས་གཞི་ཉར་ཚགས་དང་བེད་སྤྱོད་བྱ་རྒྱུ་མངོན་འགྱུར་བྱུང་ཡོད་ཅིང་། བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་བོད་ལུགས་གསོ་རིག་དང་བོད་སྨན་དེང་རབས་ཅན་དང་ཚད་ལྡན་ཅན། ཐོན་ལས་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཐད་གལ་ཆེའི་དོན་སྙིང་ལྡན་ཡོད་པ་རེད།

གཏམ་བཟང་། ཀྲུང་གོའི་བོད་སྨན་ཐོན་ཁུངས་མཛོད་བསྐྲུན་འདུག

      ཀྲུང་གོའི་བོད་སྨན་ཐོན་ཁུངས་མཛོད་འཛུགས་སྐྲུན་བྱས་པ་དེས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ཁུངས་ཀྱི་ཆ་འཕྲིན་བསྡུ་སྒྲིལ་དང་ཉར་ཚགས། དོ་དམ། བེད་སྤྱོད་བཅས་གང་ལེགས་བྱེད་ཐུབ་ཀྱི་ཡོད། ངོ་སྤྲོད་བྱས་པ་ལྟར་ན། ཐོན་ཁུངས་མཛོད་དེའི་ནང་བསྡུ་དགོས་རིགས་ཚང་མ་བསྡུ་བ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ། མཉམ་བསྡུ་མཉམ་གསོག་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་བོད་སྨན་གྱི་ཐོན་ཁུངས་ཁ་གསབ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། བོད་སྨན་ཐོན་རྫས་ཆ་རྐྱེན་འཛོམས་མ་ཐག་དེ་དག་ཡོངས་བསྒྲགས་བྱེད་པའི་འདུ་ཤེས་ལྟར་དྲ་ཐོག་ཏུ་ཡོངས་བསྒྲགས་བྱ་རྒྱུ། ཆ་འཕྲིན་ཅན་གྱི་རྣམ་པའི་ཐོག་ནས་བོད་སྨན་གྱི་སྨན་རྒྱུ་དང་བོད་སྨན་གྱི་སྦྱོར་སྡེབ་ཐོན་ཁུངས་གྲངས་གཞི་གསོག་ཉར་དང་འགྲེམས་སྟོན། བེད་སྤྱོད་བཅས་བྱས་མཐར་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གསར་གཏོད་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་། བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་མི་ཉམས་རྒྱུན་འཛིན་བྱ་རྒྱུར་འགན་སྲུང་ཐུབ་ཀྱི་ཡོད། བོད་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ཞིབ་དཔྱད་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲང་གཡོད་ཨེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ལུགས་གསོ་རིག་ལས་དོན་ཐད་གནང་བའི་མཛུབ་སྟོན་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་ཆེད། བོད་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཀྲུང་གོ་བོད་སྨན་ཐོན་ཁུངས་མཛོད་བསྐྲུན་པ་དེ་ནི་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་གོང་འཕེལ་གཏོང་ཆེད་ཡིན། ཀྲུང་གོ་བོད་སྨན་ཐོན་ཁུངས་མཛོད་འཛུགས་སྐྲུན་བྱས་པ་དེས་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དང་བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། དེ་ནི་ཚན་ཞིབ་གྲུབ་འབྲས་བརྗེ་སྒྱུར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད་ལ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མཆོང་བརྒལ་རྣམ་པའི་གོང་འཕེལ་ཡོང་བར་ཡང་དོན་སྙིང་གཏིང་ཟབ་ལྡན་ཡོད་ཅེས་གསུངས་ཡོད།

  • ལེ་ཚན་སྔོན་མ།:ཡུའེ་ཀང་ཨའོ་ཁུག་པ་ཆེན་པོའི་ཁུལ་གྱི་འཛུགས་སྐྲུན་ལ་སྤུས་མཐོའི་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།