ཐོས་པ་དགའ།

འཆིང་གྲོལ།        2023-04-21

སྐྱེ་རྒུའི་ལས་སྣང་གི་སྒྱུ་མའི་འཕྲུལ་གྱིས།།

སྐྱེས་སྟོབས་ཤེས་རབ་ལ་དོགས་པ་བསླངས་ཀྱང་།།

སེམས་ཉིད་གཉུག་མ་དེ་དབྱིངས་ནས་འཆར་བའི།།

གུང་ཐང་ཐོས་དགའ་ཡི་རྣམ་ཐར་དྲན་ནོ།།

དགྲ་གཉེན་ཆགས་སྡང་རྣམས་མཐའ་ནས་བཅད་ཅིང་།།

རྟོག་གེ་དུག་ཆང་ལས་རྣམ་པར་གྲོལ་ཏེ།།

དད་བརྩོན་ཁྲི་འབུམ་གྱིས་དཔག་ཚད་ཁྱོན་ཀུན།།

དམིགས་མེད་བཏང་སྙོམས་ཀྱིས་རྒྱང་གླུ་གྱེར་རོ།།

འཁོར་འདས་གཉིས་མེད་ཀྱི་མྱོང་བྱང་རོལ་ཅིང་།།

མཐོང་གྲོལ་མཚན་དཔེ་ཡི་གཟི་མདངས་རྒྱས་པའི།།

ངེས་དོན་ཐེག་པ་ཡི་སྦྲང་རྩིའི་ཆར་གྱིས།།

གཅེར་རྗེན་སྐུ་ལུས་ལ་བཀྲག་མདངས་འཚེར་རོ།།



  • ལེ་ཚན་སྔོན་མ།:སེམས་ཀྱི་རྨ་ཁ་ཟབ་མོ།
  • ལེ་ཚན་རྗེས་མ།:ཡིད་ཀྱིས་སྐྱོམ་པའི་རླབས།