འཚོ་བའི་རླབས།

གངས་ཅན་ཆོས་དབྱིངས།        2023-04-18

ངའི་མིག་ཟུང་སྟོང་པ་ཡིན།

མིག་ཆུ་བཞུར་རྒྱུ་མི་འདུག

ནང་སེམས་ཀྱང་ལྷིང་འཇགས་ཡིན།

ད་སྐྱོ་བ་ཅི་ཡང་ཚོར་རྒྱུ་མི་འདུག།

ཚོར་བ་ནི་ཉམས་སུ།

བརྩེ་འདང་ཐམས་ཅད་ང་དང་

རྒྱང་དུ་གྱེས།

ང་ནི་སྟོང་སེང་སེང་།

ཁྱེད་ཀྱིས་ཚང་མར་གསར་པར་

ཤེས་ནི་ཡིན།

བཟང་པོ་བྱས་ཀྱང་མི་བགད།

ངན་པ་བྱས་ཀྱང་མི་ངུ།

སྟོང་སེང་སེང་གི་མི་ཚེ།

རྣམ་ཤེས་མེད་པའི་ཐོག་ཁང་ནང་དུ།

སུ་ལ་ཡང་མི་བཤད།

གང་དུ་བལྟས་ཀྱང་རྩེ་བྲོ་འཁྲབ།

མཐའ་མེད་པའི་རྩྭ་ཐང་ཞིག་

ནས་རྒྱང་དུ་བལྟས།

ངས་སྦྱངས་ན་འདོད་པ་ནི་རང་དབང་

གི་སེམས་ཀྱི་བཀག་རྒྱ་གཏོར་ནས།

ཕྱི་རོལ་ཡུལ་དུ་གཟིགས་མོ་

ཐེངས་གཅིག་སླེབས།

ཟིམ་ཟིམ་འབབ་པའི་ཆར་པ།

འོད་སྟོང་ལྡན་པའི་ཉོ་འོད་གཅིག་

ཏུ་འདྲེས་ན།

འཇའ་ཚོན་དུ་གྲུབ།

སྔར་མེད་ཀྱི་སྤྲོ་སྐྱིད་དང་།

དགའ་མགུ་སྟེར།

ཁོང་ཚོ་ནི་འགུལ་ཙམ་འགུལ་

ཙམ་བྱས།

བསྟོད་བསྔགས་ཀྱང་བྱས།

ངས་ནི་འདོད་མོས་ཡི་གེ་འབྲི།

གནོན་ཤུགས་ཀྱི་བཀག་རྒྱ་གཏོར།

རྒྱང་རིང་ལ་བལྟས་ཏེ་སེམས་ཀྱིས་

རི་མོ་འབྲི།

ཨ་མ་དྲན་ད་དུང་གཟའ་འཁོར་

གཅིག་སླེབས་མི་ཐུབ།

སྟོང་སེང་སེང་ངང་ལ་མདུན་དུ་ཆས།

ངས་ཁེར་རྐྱང་གི་གསང་ལམ་ནས་

ཇ་ཞིག་འཐུང་།

དགེ་རྒན་གྱིས་སེམས་ཁྲལ་བྱས།

ང་ཤེས་མཁན་ཁྱོད་ཁོ་ནའོ།།


  • ལེ་ཚན་སྔོན་མ།:ཞེན་ཆགས་ཀྱི་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།