ཞེན་ཆགས་ཀྱི་གླུ།

གངས་ཅན་ཆོས་དབྱིངས།        2023-04-18

སྤང་ཐང་ཞིག་ནས།

ཆགས་མེད་ཀྱི་རླུང་བུ་གཡུག།

ས་གཞི་ཡི་འདབ་ལོ་འགུལ།

ཡང་ཡང་བལྟས་པས།

ཤོག་ངོས་ཀྱིས་གཟུགས་རིས་འཆར།

དེ་ནི་ཞེན་ཆགས་ཀྱི་རྨི་ལམ་ཞིག།

སྔར་བཞིན་ཚོར་བ་སྐྱེས།

ལོ་ངོ་དུ་མ་ཞིག་འདིར་རྐང་པ་མ་ཐེབས།

སྔོན་མ་ཞིག་ལ།

ཁྱོད་ལ་བལྟས་མྱོང་།

དེ་ནི་སྐྱེ་བ་གཞན་ཞིག་ནས་ཁྱོད་དང་

འཕྲད་ཡོད་པ་འདྲ།

གཞིས་ཁྱིམ་དེ་མཐོང་དུས།

གྲོགས་པོ་ཞིག་ལ་སྐད་ཆ་བཤད།

ཡིག་འབྲུ་མ་ཚང་བའི་ཡི་གེ་བསྐུར་བ་བཤད།

ཧེ་ཧེ་ཟེར་ནས་ཅི་ཞིག་ཏུ་ཟེར།

ངས་ཀྱང་མཛེས་ཉམས་ཀྱི་མ་ཡིན།

བག་ཆགས་ཀྱི་གཞི་མ་ཡིན་པས་བསམ།

ལམ་འཕྲང་དེར་རྒལ་དུས།

གླུ་སྐད་ཀྱི་བསུ་མ་བྱས་པ་བསམ།

སླར་ཡང་ཕྱི་བལྟས་བྱས།

ཐག་རིང་དུ་ཆས་སོང་།

བདེ་མོ་ཡིན་ནམ་བསམ།

ཁྱོས་ང་འདྲི་བཞིན་ཡོད་པ་གོ་བྱུང་།

ཏག་ཏག་ལོ་ངོ་མང་པོ་ཞིག་ལ་ངོ་མ་ཐུག།

དྲན་པ་འདུག །


  • ལེ་ཚན་སྔོན་མ།:དྲན་པ་ཐར་ཐོར།
  • ལེ་ཚན་རྗེས་མ།:འཚོ་བའི་རླབས།