ལག་གདང་སྦྲེལ་ནས་དུས་རབས་གསར་པའི་ཁ་གཏད་རོགས་སྐྱོར་ ལས་དོན་ལ་སྐུལ་བའི་ལེའུ་གསར་པ་བརྩམས།

        2023-04-17

དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཀྲེ་ཅང་ཞིང་ཆེན་དུ་རྟོག་ཞིབ་སློབ་སྦྱོང་དུ་ཕྱིན།

ལག་གདང་སྦྲེལ་ནས་དུས་རབས་གསར་པའི་ཁ་གཏད་རོགས་སྐྱོར་ ལས་དོན་ལ་སྐུལ་བའི་ལེའུ་གསར་པ་བརྩམས།
ཁུལ་ཨུའི་ཧྲུའི་ཅི་ཧྲེན་དབྱང་དང་བཅས་པས་ཐའེ་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་སློབ་སྦྱོང་བྱེད་བཞིན་པའི་ཚུལ།

སྤྱི་ཟླ4པའི་ཚེས6ནས9ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་སྣེ་ཁྲིད་དེ་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དང་། ཅིན་ཧྭ་གྲོང་ཁྱེར། ཐའེ་ཀྲོའུ་གྲོང་ཁྱེར་བཅས་སུ་ཁ་གཏད་རོགས་སྐྱོར་གྱི་འཚམས་འདྲི་དང་སྤེལ་རེས་དང་རྟོག་ཞིབ་སློབ་སྦྱོང་སོང་བ་རེད། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཅེ་དང་། ཀྲེ་ཅང་ཞིང་ཆེན་གྱི་ཞིང་དཔོན་གཞོན་པ་ཧུའུ་ཝུའེ། ཅིན་ཧྭ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཀྲུའུ་ཀྲུང་ལེ། ཅིན་ཧྭ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་དཔོན་ཞིང་ཀྲི་ཧུང་།ཐའེ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལི་ཡུའེ་ཆི་བཅས་འབྲེལ་ཡོད་མགོ་ཁྲིད་བྱེད་སྒོར་ཞུགས་ཡོད།

ལིའུ་ཅེ་དང་ཧུའུ་ཝུའེ། ཀྲུའུ་ཀྲུང་ལེ། ལི་ཡོས་ཆི་བཅས་ཀྱིས་ཀྲེ་ཅང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་དེ་བཞིན་ཧང་ཀྲོའུ་དང་།ཅིན་ཧྭ།ཐའེ་ཀྲོའུ་གྲོང་ཨུ་དང་སྲིད་གཞུང་གི་ཚབ་ཞུས་ནས་ཧྲེན་དབྱང་དང་བཅས་པར་དགའ་བསུ་ཞུས་པ་དང་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུས་པ་རེད། ཁོ་ཚོས་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་།ཀྲེ་ཅང་དང་སི་ཁྲོན་ཞིང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲེ་ཅང་གིས་དཀར་མཛེས་ཁུལ་དང་གཅིག་སེམས་གཅིག་འབྲེལ་དང་དཔུང་པ་མཉམ་གཤིབ་བྱས་པ་བརྟེན། ཁ་གཏད་རོགས་སྐྱོར་ལས་དོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅེས་བཤད་པ་རེད། ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་དང་དམངས་འཚོའི་བྱ་གཞག་ཁག་བརྟན་པོའི་ངང་འཕེལ་རྒྱས་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་འཕེལ་ཕྱོགས་བཟང་པོ་ཡོད་པས་རོགས་སྐྱོར་བྱེད་མཁན་ཞིག་ཡིན་པའི་ངོས་ནས་སྙིང་ཐག་པ་ནས་དགའ་སྤྲོ་དང་སྤོབས་སེམས་སྐྱེས་ཏེ་དཀར་མཛེས་ཁུལ་གྱི་འབྱུང་འགྱུར་སྔར་བས་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད། ང་ཚོས་ཀྲུང་དབྱང་གི་བླང་བྱ་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་།ཁྱོན་ཡོངས་དང་རིམ་པ་མང་བའི་ལས་ཀའི་མ་ལག་འཐུས་ཚང་དུ་གཏོང་བ། ཡུལ་སྡེ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བ། ཐོན་ལས་མཉམ་ལས་ཟབ་སྤེལ། རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ངལ་ལས་རོགས་ལས་བྱེད་པ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་ཀྱི་རིམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་ཧུར་ཐག་གཏང་རྒྱུ་ཡིན།

ཧྲེང་དབྱང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཀྲེ་ཅང་དང་ཧང་ཀྲོའུ།ཅིན་ཧྭ།ཐའེ་ཀྲོའུ་བཅས་ཀྱིས་ཐུགས་ཁུར་དང་རོགས་རམ་གནང་བ་དང་ལྷག་པར་དུ“9·5”ཡི་ལྕགས་ཟམ་ས་འགུལ་ཉེན་སྐྱོབ་གནོད་སེལ་དང་གནོད་འཚེ་ཐེབས་རྗེས་སླར་གསོ་བསྐྱར་སྐྲུན་ཐད་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་དཀར་མཛེས་ཁུལ་ལ་སྤྱི་ཚོགས་རྒྱུན་མཐུད་བརྟན་བརླིང་དང་དཔལ་འབྱོར་འཕེལ་རྒྱས་ལེགས་སུ་འགྲོ་བ། དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ་བཅས་ཀྱི་གྲུབ་འབྲས་བཟང་པོ་ཐོབ་པ་དེ་རོགས་སྐྱོར་བྱེད་མཁན་དང་ཁ་འབྲལ་ཐབས་མེད། ལོ་གཉིས་རིང་གི་སྤེལ་རེས་མཉམ་ལས་དང་ཁ་གཏད་རོགས་སྐྱོར་ལ་འཕེལ་རྒྱས་གསར་པ་རྒྱུན་ཆད་མེད་པར་བྱུང་ནས་རོགས་སྐྱོར་སྤུས་རྟགས་སྤུས་ལེགས་ཁག་གཅིག་བཏོད་ཡོད། ཕྱོགས་ཁག་གིས་ལེགས་ཆ་བཏོན་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཤུགས་ཆེན་སྤེལ་ཏེ་མཉམ་དུ་ཕྱུག་འབྱོར་ཡོང་བརལ་སྐུལ་འདེད་གཏོང་བ་དང་། ཨང་ཀིས་འཕེལ་རྒྱས་ལ་ནུས་པ་སྤྲོད་པར་སྐུལ་འདེད་གཏོང་བ། རིག་གནས་དང་ཡུལ་སྐོར་ཐོན་ལས་སྐྱེད་སྲིང་བྱེད་པ། ཡུལ་སྡེ་དར་རྒྱས་གཏོང་བ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་མཉམ་ལས་ལ་སྔར་བས་ཤུགས་བརྒྱབ་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱས་ཏེ་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཙོ་དོན་སློབ་གསོའི་ལས་དོན
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།