མཚན་མོ།

གངས་ཅན་ཆོས་དབྱིངས།        2023-04-17

གང་ལ་བལྟས་ན་སུ་ཞིག་མི་མཐོང་བའི་

དུས་ཚིགས་ཤིག།

ཁ་ནས་ཁ་རླངས་ཀྱི་ཟིལ་བ་ཞིག་ཆགས།

ལག་ནས་སེམས་མེད་ཀྱི་ཕུང་པོ་ཞིག་བཟུང་།

རྣམ་ཤེས་ཀྱི་ལྟ་བ་སྣ་ཚོགས་ལ་བལྟས་

ནས་སྡོད་སྐབས།

སྐར་ཆ་གཅིག་ནས་གཉིས་ལ་འགྲོ་བ་གཉིས་ནས་

གསུམ་ལ་ཤོར་སོང་།

མིག་ནི་སྐྲག་མི་ཤེས་པའི་སྲོག་མེད་ཅིག།

རྣ་བ་ནི་བརྡ་མེད་པའི་འོན་པ་ཞིག་རེད།

སྙིང་ཤ་དེས་ཁྲག་གི་བདུད་རྩི་དྭངས་མ་རྙེད།

ངས་ང་མ་ཤེས།

ཐག་རིང་ནས་ཐག་རིང་ལ་བལྟས་པ།

ལོ་རྒྱུས་ཀྱི་རྣམ་ཤེས་མ་གཡར་བའི་མཚན་མོ་དེར།

མཚམས་མི་འཇོག་པའི་མཚན་མོ།

ཅི་ཙམ་གླེང་ན་དེ་ཙམ་འཁྲུག་འགྲོ།

ངོ་མ་དེ་ནི་མཚན་མོའི་ནུས་པ་ཉམས་སོང་

བ་མ་ཡིན་ནམ།

མཚན་མོ་ནི་མཚན་མོ་ཞིག།

གང་ཡང་མ་ཤེས།

བདེ་ནས་བདེ་བའི་ཆེད་དུ་མ་ཡིན་པའི་མཚན་མོ།

མཚམས་མི་འཇོག་མཚན་མོ་འདིར།

ཐོགས་པ་མེད་པའི་མཐའ་ལ་འཁྱོངས་པའི་མཚན་མོ།

ཞུམ་པ་མེད་པའི་ལག་ཉུག་བྱེད་པའི་མཚན་མོ།

མཚན་མོ་ནི་མཚན་མོ།

ཚེ་སྲོག་སྩོལ་བའི་མཚན་མོ།

མཚན་མོ་ནི་ཅི་ཞིག་གི་མཚན་མོ།


  • ལེ་ཚན་སྔོན་མ།:ས་ཆེན་གྱི་བཞེད་པ་རང་བྱོན།
  • ལེ་ཚན་རྗེས་མ།:སེམས་ཀྱིས་བཞེངས་པའི་མེ་ཏོག།