སི་ཁྲོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཙོ་དོན་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2023-04-17

སྤྱི་ཟླ4པའི་ཚེས10ཉིན་ལ་སི་ཁྲོན་ཞིང་ཆེན་གྱི་ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་གཙོ་དོན་སློབ་གསོའི་ལས་དོན་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་དོན་སློབ་གསོའི་ལས་དོན་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་ཤུགས་ཆེན་བྱས་ནས་ཆབ་སྲིད་ཀྱི་རང་རྟོགས་ཚད་མཐོན་པོར་བརྟེན་ནས་རང་རེའི་ཞིང་ཆེན་གྱི་གཙོ་དོན་སློབ་གསོ་དམ་འཛིན་ཡག་པོ་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་བསམ་པའི་འཚོ་བཅུད་དང་འབད་འབུངས་སྟོབས་ཤུགས་རྒྱུན་ཆད་མེད་པར་འཐོབ་པར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སི་ཁྲོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་ཡག་པོ་བརྩམས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཆེད་དུ་སི་ཁྲོན་གྱི་སྟོབས་ཤུགས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

ཀྲུང་དབྱང་གི་མཛུབ་ཁྲིད་ཚོ་ཆུང་བཅུ་གཉིས་པའི་ཚོ་དཔོན་ལན་དབྱི་མེ་ཚོགས་འདུར་མཛུབ་ཁྲིད་གནང་བ་ཕེབས་ཤིང་གསུང་བཤད་ཀྱང་གནང་བ་དང་ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་ཚོགས་འདུར་ཞུགས་པ་རེད།

ཝང་ཞའོ་ཧུའེ་ཡིས་གསུང་བཤད་ནང་དུ། ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་གཙོ་དོན་སློབ་གསོ་ནི་ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་བསྟར་དང་ཏང་ཡོངས་ཀྱི་བློ་མཐུན་སྐུལ་སློང་བྱས་ཏེ་ཏང་གི་ལྟེ་བའི་ལས་འགན་སྒྲུབ་ཕྱིར་མཐུན་སྒྲིལ་འབད་འཐབ་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་རེད། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་རང་རེའི་ཞིང་ཆེན་གྱི་གཙོ་དོན་སློབ་གསོ་སྤེལ་རྒྱུར་གཅིག་འདོམས་དང་མཛུབ་ཁྲིད་བྱས་ཏེ་གཙོ་དོན་སློབ་གསོ་སྒྲིག་འཛུགས་ཡག་པོ་བྱ་རྒྱུ་དེ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་།“སྲུང་སྐྱོང་གཉིས”བྱེད་ཐུབ་པའི་ཞིབ་བཤེར་གལ་ཆེན་མཐའ་གཅིག་ཏུ་བྱེད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ཁོང་དུ་ཆུད་པ། བསམ་བློ་གཅིག་གྱུར་དང་ཡིད་ཆེས་བརྟན་པོ་ཡོང་བ། བྱ་སྤྱོད་མཐུན་སྦྱོར། འཐབ་ནུས་སྟོབས་ཆེན་བཅས་ཀྱི་སྒོ་ནས་རྒྱང་སྐྱོད་གསར་པར་སྐྱོད་ཅིང་བྱས་རྗེས་གསར་པ་བཞག་དགོས་ཞེས་གསུངས་ཡོད།

ཝང་ཞའོ་ཧུའེ་ཡིས་བསྟན་དོན། བསམ་བློ་སློབ་སྦྱོང་དང་ཏང་གཤིས་ལེགས་སྐྱོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས་སྦྱངས་པས་བློ་སྦྱོང་དང་། སྦྱངས་པས་རིག་འཕེལ། སྦྱངས་པས་སྤྱོད་བསྲང་། སྦྱངས་པས་སྒྲུབ་སྐུལ་བཅས་བྱ་དགོས། བརྒྱུད་རིམ་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་དང་གཅིག་གྱུར་འཆར་འགོད་ཀྱི་སྐུལ་འདེད་བཏང་ནས་གཙོ་དོན་སློབ་གསོའི་གཙོ་གནད་ལས་དོན་ཁག་ལ་དངོས་འཛིན་དང་ཞིབ་འཛིན་བྱ་དགོས།

ལན་དབྱི་མེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་དོན་སློབ་གསོར་མཐོང་ཆེན་གནང་ཞིང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཡང་ཐེངས་མང་གནང་བ་དེ་ནི་ཀྲུང་དབྱང་གིས་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་ཡིན་ལ། དུས་རབས་གསར་པའི་ཏང་སྐྱོང་ལ་སྣོན་རྒྱག་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་ཞིང་། གཙོ་དོན་སློབ་གསོ་སྤེལ་བའི་རྩ་བའི་གཞི་འཛིན་ས་བཅས་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ། ཁོང་དུ་འཕྱུགས་མེད་ཆུད་པ་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་། སྤྱིའི་བླང་བྱ་ཁོང་དུ་ཆུད་པ། རྩ་བའི་ལས་འགན་ལ་དམ་པོར་དམིགས་པ། གཙོ་གནད་བྱ་ཐབས་ལག་ལེན་བསྟར་པ་བཅས་བྱས་ནས་གཙོ་དོན་སློབ་གསོའི་ལས་འགན་ཁག་དོན་ལ་འཁྱོལ་བར་སྐུལ་འདེད་གཏང་དགོས་ཞེས་གསུངས།

ཚོགས་འདུར་བརྙན་འཕྲིན་ཁ་པར་གྱི་ཚུལ་ནས་རྫོང་རིམ་པར་འཚོགས་ཤིང་། ཀྲུང་དབྱང་གི་མཛུབ་ཁྲིད་ཚོ་ཆུང་བཅུ་གཉིས་པའི་ཁོངས་མི་དང་། ཞིང་ཨུ་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་མགོ་ཁྲིད། ཞིང་ཆེན་ཁྲིམས་ཁང་ཞིབ་དཔྱོད་ཁང་གི་མགོ་འཛིན་། ཞིང་ཆེན་རིམ་པའི་བློ་མཐུན་རྒན་གྲས་ཁ་ཤས། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཚན(སྡེ་ཚན)གྱི་འགན་འཁུར་བློ་མཐུན། དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་སོགས་ཚོགས་ར་གཙོ་བོར་ཞུགས་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་སླར་ཡང་ནགས་རྩྭ་མེ་ཟོན་གྱི་སྔོན་བརྡ་བཏང་འདུག།
  • ལེ་ཚན་རྗེས་མ།:ལག་གདང་སྦྲེལ་ནས་དུས་རབས་གསར་པའི་ཁ་གཏད་རོགས་སྐྱོར་ ལས་དོན་ལ་སྐུལ་བའི་ལེའུ་གསར་པ་བརྩམས།
  • དོ་སྣང་ཆེ་བའི་རྩོམ།