2023-04-17
སེམས་ཀྱིས་བཞེངས་པའི་ངའི་
མེ་ཏོག་གསོན་པོ།
གདོང་ལ་འཛུམ་པའི་གསང་
བའི་ཆང་གཞས།
རྣམ་ཤེས་ཀྱི་འཁོར་གཞིས།
ཁྱོད་དང་མི་ཚེ།
དབྱངས་ཀྱི་འདུས་མ་གཏམ།
ཚེ་རབས་ལས་ལ་འཁྲེང་།
མེ་ཏོག་གནམ་དུ་གཏོར།
སྒྱུ་མའི་མདུན་ལམ་ཉུལ།
ས་གཞི་དང་ཁང་ཁྱིམ།
ཁྱོད་དང་ང་ཡི་རྨི་ལམ།
ཐ་སྙད་དུ་བཞག་པའི་འཚོ་བའི་
གཞིས་ཁྱིམ།
སེམས་ཁོང་དུ་འཚེར་བའི་འཚོ་
བའི་ཕུང་པོ།
རྣམ་རྟོག་ལས་གྲུབ་པའི་དགའ་
བའི་ར་བ།
ཆང་གིས་ལམ་སྣ་འདྲེན།
སྡུག་པའི་གཞི་མ་སྒྲུབ།
ངས་ཁྱོད་ལ་སྐུར།
འཕྲིན་པ་གསེབ་ནས་ཚོར།
ཚོར་བའི་གྲུ་ཁ་འགྲིམ།
གཅིག་གིས་གཅིག་ལ་འདྲེས།
སྣང་བ་གཅིག་ཏུ་འཐིམ།
ཚེ་གཅིག་སྲུང་མ་བྱེད།
སེམས་མཐུན་གྱི་སྣེ་མོ།
ཁྱོད་ལ་ལྟ་བཞིན་ཡོད།
དགའ་བའི་འགྱུར་ཁུག་ལས་གྲུབ་
པའི་ཁྱོད་དང་འུ་གཉིས།
བརྟན་ཆགས་ལྷུན་གྲུབ་ཅིག་
གནམ་ནས་འབབ་ཤོག།
སྒེག་ལྡན་མ། འཛུམ་མིག་མ།
འགྲུབ་པར་ཤོག་ཅིག།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10