སྐལ་ཐུབ་ཀྱིས་བསྒྱུར། 2023-04-18
ཉེ་ཆར། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་དར་མདོར་འཚོགས་ནས། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཤུགས་ཆེན་དང་། ཀྲུང་དབྱང་དང་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་སྙིང་དོན་དོན་འཁྱོལ་ནན་ཏན་བྱས་ནས་བསམ་བློ་གཅིག་གྱུར་དང་། དུས་བབ་དབྱེ་ཞིབ། ལས་འགན་བཀོད་སྒྲིག་བྱས་ཏེ་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོ་འགྲོ་རྒྱུར་བསྐུལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུར་འཐབ་ཕྱོགས་གཅིག་གྱུར་ནི་རང་རེའི་ཏང་གི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་ཀྱི་མཆོག་ནོར་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པ་དང་། དུས་རབས་གསར་པར་རང་རེའི་ཏང་གིས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་ཡོངས་ལ་མཐུན་སྒྲིལ་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་དུ་འགྱུར་བའི་མཆོག་ནོར་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་བསམ་བློ་གསར་པ་དང་།ལྟ་བ་གསར་པ།ཆོད་གཏམ་གསར་པ་རབ་དང་རིམ་པ་བཏོན་གནང་ནས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་པར་རྩ་བའི་གཞི་འཛིན་ས་བཏོན་ཡོད། ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་བྱང་ཆུབ་པར་བླངས་ནས“དེ་བས་གལ་ཆེན་གསུམ”གྱི་ ནང་དོན་ཕུན་སུམ་ཚོགས་པ་ལ་ངོས་འཛིན་གསལ་པོ་བྱེད་པ་དང་།“དགོས་ངེས་བཅུ་གཉིས”ཕྱོགས་ཡོངས་ནས་ལག་ལེན་བསྟར་པ།“འབྲེལ་བ་བཞི”ལ་སྟངས་འཛིན་ཡང་དག་བྱེད་ཅིང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་རྒྱུ་གཙོ་རྐང་དུ་བྱས་ཏེ་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་སྟེ། དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱ་དགོས་ཞེས་བསྟན་པ་རེད།
ཚོགས་འདུར་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་མུ་མཐུད་དེ་ཤུགས་ཆེན་སྤེལ་ནས་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་མཐུན་སྒྲིལ་རྨང་རྡོ་ཁྱོན་ཡོངས་ནས་བརྟན་དུ་གཏང་དགོས། “ སུམ་སྦྲེལ་མཉམ་སྐྲུན”མུ་མཐུད་ཟབ་ཏུ་སྤེལ་དགོས། ལས་བྱེད་པའི་མཐུན་འབྲེལ་གྱི་ཕན་འགྱུར་ཚུལ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། ལས་བྱེད་པའི་མཐུན་འབྲེལ་ཁྱིམ་ཚང་དུས་ཐོག་ཏུ་ལེགས་པོར་སྒྲིག་ཅིང་། ལས་བྱེད་པ་དང་མང་ཚོགས་ཡོངས་ལ་ཁྱབ་པའི་མཐུན་འབྲེལ་ནང་སྲོལ་འཐུས་ཚང་དུ་གཏང་དགོས། མཉམ་སྐུལ་མཉམ་སྤེལ་དང་། ཞི་མཐུན་ཞི་མཛེས་ཡོང་བར་མངོན་གསལ་དུ་གཏོད་པ་དང་། སེ་འབྲུ་ལྟར་གཅིག་མཐུན་གཅིག་འབྲེལ་གྱི་འབྲེལ་བ་འགན་ལེན་བྱེད་ཤུགས་ཆེ་རུ་གཏང་དགོས། ཐོན་ལས་དང་། ལས་ཞུགས། ཤེས་ལྡན་མི་སྣ་སོགས་ཀྱི་རོགས་སྐྱོར་ལ་མཐུན་སྦྱོར་ཧུར་ཐག་བྱས་ནས་མཉམ་དུ་ཕྱུག་འབྱོར་ཡོང་བའི་མཉམ་འབྲེལ་ནུས་པ་གདོན་དགོས། ཁྲིད་སྟོན་གསུམ་གྱིས་མཉམ་དུ་སྐུལ་བར་མུ་མཐུད་དེ་དོ་སྣང་བྱ་དགོས་པ་སྟེ། བསམ་བློར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། གྲུབ་འབྲས་རླབས་པོ་ཆེ་ཡིས་མི་ལ་སྐུལ་མ་གཏོང་བ་དང་། བྱ་གཞག་རླབས་པོ་ཆེ་ཡིས་མི་ལ་བརྩོན་སྐུལ་གཏོང་བ། ཏང་གི་སེམས་ཁུར་གྱིས་མི་ལ་སེམས་འགུལ་ཐེབས་སུ་གཞུག་དགོས། རིག་གནས་ཀྱིས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་འདུ་འགོད་འཛུགས་སྐྱོང་ལ་སྐུལ་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་དང་ཁྱབ་གདལ་དུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་དེང་རབས་སྤྱི་ཚོགས་སུ་སྔར་ལས་ལེགས་པར་འདྲེས་པར་བསྐུལ་ཅིང་འདེད་དགོས། དད་སེམས་ཀྱིས་ལམ་སྟོན་ཤུགས་ཆེ་རུ་བཏང་ནས། གསར་བརྗེའི་རྒྱུད་རྒྱུ་རྩ་སྐྱོང་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ་དང་། ཁྱིམ་ཚང་དང་ཁྱིམ་སྲོལ། ཁྱིམ་ཚང་སློབ་གསོ་འཛུགས་སྐྱོང་ལ་ཤུགས་བརྒྱག་དགོས། གསུམ་འབྲེལ་མཉམ་སྐྲུན་ཡོང་བར་མུ་མཐུད་དེ་དམ་པོར་དམིགས་དགོས་པ་སྟེ། མི་རིགས་ཁག་གི་མང་ཚོགས་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཡོང་བར་བསྐུལ་ནས་མཉམ་ཞུགས་ཅན་གྱི་སྤྱི་ཚོགས་གྲུབ་ཆ་བསྐྲུན་དགོས། དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ་བསྐྲུན་པར་དམིགས་ནས་མཉམ་འདྲེས་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་བསྐུལ་དགོས། གྲོང་ཡུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་སོགས་ཀྱི་ཞན་ཆ་གསབ་སྟེ་མཉམ་འབྲེལ་ཅན་གྱི་སྤྱི་ཚོགས་ཞབས་ཞུ་འཐུས་ཚང་དུ་གཏང་དགོས།
ཚོགས་འདུར་བླང་བྱ་བཏོན་དོན། ཇུས་འགོད་རྒྱུད་རིམ་ལྡན་པ་དང་། གཙོ་གནད་འབུར་དུ་ཐོན་པ། ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་རྒྱུན་འཁྱོངས་ཏེ། དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་སྤྱིའི་ཆུ་ཚད་མཐོ་རུ་གཏང་དགོས། ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་བྱ་དགོས། དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་གི་ཞན་ཆ་དང་མི་འདང་ས་གསབ་ཅིང་། སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ། བོད་བརྟན་ཁམས་བདེ་དང་མཐའ་འཁོར་གྱི་འཐབ་ཇུས་ས་གནད་བདག་གཉེར་བཅོས་སྐྱོང་བྱེད་པའི་འགན་འཁྲི་ཆེན་པོ་མཐའ་གཅིག་ཏུ་འཁུར་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོང་དགོས། ཁྲིད་སྟོན་ལ་ཐབས་མཆོག་ཡོད་པ་དང་ནུས་པ་ལྡན་པ། ཕན་འབྲས་ཐོན་པ་རྒྱུན་འཁྱོངས་པ་དང་། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་བཅའ་ཁྲིམས་སྒྲིག་སྲོལ་དང་། ཆོས་ལུགས་ཆོ་ག། ལོ་རྒྱུས་སྒྲིག་སྲོལ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཅིང་། དཔུང་ཁག་གསུམ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཞིང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏང་དགོས། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས་རྒྱུན་འཁྱོངས་པ་དང་། མཛའ་མཐུན་སྤྱོད་གཙང་གི་སྲིད་ཚོང་འབྲེལ་བ་འཛུགས་ཤིང་། ཚོང་གཉེར་ཁོར་ཡུག་ཇེ་ཡག་ཏུ་གཏོང་བ་དང་། ཁུལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཚོགས་ཆེན་དང་། སི་ཁྲོན་དང་ཀྲེ་ཅང་གི་ཚོང་པ་དཀར་མཛེས་ཁུལ་དུ་ཡོང་བའི་བྱེད་སྒོ་སྤེལ་རྒྱུའི་གྲ་སྒྲིག་བྱེད་ཅིང་། དམངས་གཉེར་ཁེ་ལས་ཀྱིས་གནོན་ཤུགས་མེད་ལ་བློ་ཁོག་ཆེན་པོས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་དགོས། ཁྱབ་ཁོངས་ཁག་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་དགོས། ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣས་བྱས་རྗེས་འཇོག་པར་བསྔགས་སྐུལ་དང་། ཕྱི་རྒྱལ་གྱི་འཐབ་ཕྱོགས་གཅིག་གྱུར་དང་ཕྱིར་སྡོད་རང་མིའི་ལས་དོན། དྲ་བའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀར་ཤུགས་བརྒྱབ་སྟེ་ཁྱད་འཕགས་ཀྱི་ནུས་པ་དེ་བས་ཆེ་བ་འདོན་པའི་ཁྲོད་དུ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རོགས་སྐྱོར་བྱ་དགོས།
ཚོགས་འདུར་ནན་གསུང་གནང་དོན། རིམ་ཁག་ཏང་ཨུ་དང་ཏང་ཚན་ཁག་གིས་བྱེད་པོའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ་དང་། རིམ་ཁག་ཏང་ཨུ་དང་ཏང་ཚན་ཁག་གི་འགན་འཁུར་བ་གཙོ་བོས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགན་འཁུར་མཁན་དང་པོ་ཡག་པོ་བྱ་དགོས་པ་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་མགོ་ཁྲིད་ཚོ་ཆུང་གིས་ཞིབ་འཇུག་བཀོད་སྒྲིག་དང་། མཐུན་སྦྱོར་ཁྲིད་སྟོན། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ནུས་པ་བཏོན་ནས། གཞི་རིམ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་བརྒྱབ་སྟེ་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གནས་བབ་བཟང་པོ་བསྐྲུན་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཡག་པོ་བྱེད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་ཞིང་། ཏང་ཕྱིའི་འཐུས་ཚབ་མི་སྣར་སློབ་གསོ་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ཐོན་ཁུངས་དང་བྱེད་ཐབས་སྤྱོད་མཁས་པོ་བྱེད་ཅིང་། བརྟག་དཔྱད་ཞིབ་འཇུག་གི་སྲོལ་བཟང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། མཐུན་རྐྱེན་སྣ་ཚོགས་སྐུལ་ཅིང་སློང་བ། འགལ་ཟླ་དང་གནད་དོན་སྣ་ཚོགས་ཐག་བཅད་དེ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་བཏང་ནས། ཕྱོགས་ཡོངས་ནས་མཐུན་སྒྲིལ་དང་། ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་སྐྲུན་པར་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་བྱས་རྗེས་སུ་འབུལ་དགོས།
ཚོགས་འདུ་བརྙན་འཕྲིན་ཁ་པར་བརྒྱུད་ནས་རྫོང་དང་གྲོང་ཁྱེར་ཁག་ཏུ་འཚོགས་ཤིང་། འབྲེལ་ཡོད་ཁུལ་མགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོར་ཚོགས་འདུར་ཞུགས་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10