ཁུལ་ཨུའི་དྲྭ་རྒྱ་ཉེན་མེད་དང་ཆ་འཕྲིན་ཅན་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་གཉིས་པ་ཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2023-04-19

ཉེ་ཆར། ཁུལ་ཨུའི་དྲྭ་རྒྱ་ཉེན་མེད་དང་ཆ་འཕྲིན་ཅན་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་གཉིས་པ་དར་མདོར་འཚོགས་ཤིང་། 2022ལོའི་དྲྭ་འཕྲིན་ལས་དོན་ལ་ཕྱོགས་སྡོམ་དང་འབྲེལ་ཡོད་ལས་དོན་ཇུས་གཞིར་གྲོས་ཞིབ། ད་ལོའི་གཙོ་གནད་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་དྲྭ་འཕྲིན་ཨུ་ལྷན་གྱི་ཀྲུའུ་རེན་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ཨུའི་དྲྭ་འཕྲིན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུར་འདས་ཟིན་པའི་ལོ་གཅིག་ནང་ཁུལ་ཡོངས་ཀྱི་དྲྭ་འཕྲིན་ཁོངས་གཏོགས་ཀྱིས་བདེན་སྲུང་གསར་གཏོད་དང་། འབད་འབུངས་ཡར་བརྩོན་གྱིས་དྲྭ་ཐོག་ནས་དྲིལ་བསྒྲགས་ཡག་ཅིང་ངོ་མཚར་ཆེ་བ་བྱས་ཡོད། དྲྭ་སྐྱོང་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཡག་པོ་ཞུས་ཡོད་ཅེས་བསྟན་པ་རེད།

ཚོགས་འདུར་བླང་བྱ་བཏོན་དོན། ཤུགས་རྐྱེན་ཐེབས་ཤུགས་དང་ཁྱབ་འགྱེད་ཀྱི་ནུས་པ་ལྡན་པའི་གཙོ་རྒྱུན་འཕྲིན་སྦྱོར་མུ་མཐུད་འཛུགས་པ་དང་། སློབ་བརྩོན་རྒྱལ་སྐྱོང་དཀར་མཛེས་ཁུལ་གྱི་སློབ་སྦྱོང་ལས་སྟེགས་འཛུགས་ཤུགས་ཆེ་རུ་གཏོང་བ་དང་། ཟློས་སྒྲིག་འཚུབ་བསྟུན་གཉིས་འདྲེས་རླུང་འཕྲིན་མ་ལག་ཡག་པོ་འཛུགས་ཤིང་བེད་སྤྱོད་ཡག་པོ་བྱས་ཏེ། ཏང་གི་སྐད་ཆ་བརྒྱུད་བསྒྲགས་ཡག་པོ་དང་དཀར་མཛེས་ཁུལ་གྱི་གཏམ་རྒྱུད་ཡག་པོ་བཤད་དེ་དྲྭ་ཐོག་གི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་རྒྱུན་ཆད་མེད་པར་བརྟན་པོ་དང་སྟོབས་ཆེ་རུ་གཏང་དགོས། དྲྭ་རྒྱའི་འཐབ་ཕྱོགས་གཅིག་གྱུར་གྱི་བསམ་གཞིག་ཟབ་ཏུ་བཏང་ནས་དྲྭ་གྲགས་མི་སྣ་གཅིག་ལ་འབྲེལ་བ་བྱེད་མཁན་གཅིག་ཡོད་པའི་འབྲེལ་གཏུག་ཞབས་ཞུའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། དྲང་ནུས་འདོན་པའི་དྲྭ་གྲགས་ཅན་གྱི་དགེ་མཚན་ལྡན་པའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་དགོས། དྲྭ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། འཕྲིན་སྦྱོར་གསར་པའི་ལས་སྟེགས་དོ་དམ་ཚད་ལྡན་དུ་གཏོང་བ། དྲྭ་རྒྱའི་ཉེན་མེད་སྐོར་ཞིབ་ཞིབ་དཔྱད་ལ་ཤུགས་རྒྱག་ཅིང་། དྲྭ་རྒྱའི་ཉེན་མེད་དྲིལ་བསྒྲགས་སློབ་གསོ་གསར་དུ་བཏོད་ནས་དྲྭ་རྒྱའི་བར་ཁོངས་ཀྱི་ཁོར་ཡུག་སྔར་བས་དྭངས་གཙང་ཡོང་བའི་འགན་ལེན་བྱ་དགོས། དཔལ་འབྱོར་དང་སྤྱི་ཚོགས། དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་དྲྭ་རྒྱའི་གླེང་མང་བའི་གནད་དོན་ལ་དོ་ཁུར་ཟབ་མོ་བྱས་ནས་མང་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་བཏབ་སྟེ་དམངས་འཚོ་ལེགས་སུ་གཏང་རྒྱུར་སྐུལ་འདེད་གཏང་དགོས། ཨང་ཀིས་ནུས་སྤྲོད་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཨང་ཀིའི་ཐོན་ལས་འདུས་ཚོགས་སུ་ཧུར་ཐག་ཞུགས་ཏེ་ཆ་འཕྲིན་ཅན་དང་། ཡུལ་སྡེ་དར་རྒྱས། དམངས་འཚོར་ཞབས་ཞུ། སྤྱི་ཚོགས་བཅོས་སྐྱོང་བཅས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་དྲྭ་འཕྲིན་བྱ་གཞག་གིས་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས།།



  • ལེ་ཚན་སྔོན་མ།:འབའ་ཐང་ནས་ཟླ་ཆུ་བར་གྱི་གློག་སྐུད་ལས་གྲྭ་གལ་ཆེན་སྤྱོད་འགོ་བཙུགས།
  • ལེ་ཚན་རྗེས་མ།:ཀྲེ་ཅང་ཚོང་པ་དཀར་མཛེས་ཁུལ་དུ་སྐྱོད་ཅེས་པའི་ཚོང་འགུགས་འོས་སྦྱོར་ཚོགས་འདུ་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།