འདས་ཟིན་པའི་ལོ་ཟླ་དེ་དག།

གཡུང་དྲུང་བཀྲ་ཤིས།        2023-05-05

ལོ་ཟླ་ཆུ་བཞིན་བཞུར་སོང་།།

ལང་ཚོ་འཇའ་བཞིན་ཡལ་སོང་།།

མི་འདོད་ཡིད་ཀྱི་རི་ལ།།

འགྱོད་གདུང་སྨུག་པ་མཐུག་སོང་།།

ན་ཆུང་བྱིས་པའི་རྨི་ལམ།།

སྐྱི་སེར་རླུང་གིས་ཁུར་སོང་།།

ན་གཞོན་སྣང་བའི་རི་མོ།།

ཆར་ཆུ་ཐིགས་པས་བརླན་སོང་།།

ཟང་ཟིང་འཇིག་རྟེན་ཐང་ནས།།

བདག་མེད་ཅང་ཤེས་རྟ་ཕོ།།

བཏོལ་མེད་རི་ལུང་ཉུལ་ནས།།

མི་ཚེའི་ལམ་ཁ་བོར་སོང་།།



  • ལེ་ཚན་སྔོན་མ།:ལུས་སྦྲིད་པའི་གདངས་ནས་རྙེད་པའི་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།