རང་ཁུལ་གྱི་ཉེན་རྟོག་པ་ཞིག་ལ་རྒྱལ་ཡོངས་ཀྱི་དཔེ་བཟང་རག་འདུག།

བདེ་ཆེན་གྱིས་བསྒྱུར།        2023-05-06

    སྔོན་ཐོན་ལ་བསྟོད་བསྔགས་དང་ངར་ཤུགས་སྐུལ་འདེད་གཏང་ཆེད། སྤྱི་བདེ་པུའུ་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་གྲུབ་འབྲས་མངོན་གསལ་དོད་པའི་ཐུན་མོང191དང་གྲུབ་འབྲས་མངོན་གསལ་དོད་པའི་མི་སྒེར596ལ་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱ་རྒྱུར་ཐག་བཅད་བྱས་ཤིང་། དེའི་ནང་དཀར་མཛེས་རྫོང་ཉེན་རྟོག་རུ་ཁག་ལམ་མགོ་ལ་སྒང་ཉེན་དོན་ས་ཚུགས་ཀྱི“ལེ་ཧྥུང”སུའོ་ཀྲང་ལུའོ་ཕུང་མིང་ཐོ་དེའི་ནང་ཚུད་པ་དང་། ཁོ་ནི་ཁུལ་ཡོངས་ཀྱི་མཚན་སྙན་དེ་ཐོབ་པའི་མི་དམངས་ཉེན་རྟོག་པ་གཅིག་པུ་དེ་ཡིན་པ་རེད།

རང་ཁུལ་གྱི་ཉེན་རྟོག་པ་ཞིག་ལ་རྒྱལ་ཡོངས་ཀྱི་དཔེ་བཟང་རག་འདུག།

   ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ལིའུ་ཕུང་ལ་ཞིང་ཆེན་ཡོངས་ཀྱི་གཞི་རིམ་མི་དམངས་ཉེན་རྟོག་པ་ཕུལ་བྱུང་དང་ཁུལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ། ཁུལ་ཡོངས་ཀྱི་ལེ་ཧྥུང་གི་ལང་ཚོའི་དཔེ་བཟང་ལ་སློབ་སྦྱོང་བྱེད་པའི་གཞོན་ནུ་ཕུལ་བྱུང་སོགས་ཀྱི་མཚན་སྙན་ཐོབ་རྗེས་སླར་ཡང་མཚན་སྙན་གསར་པ་ཞིག་ཐོབ་པ་རེད།

རང་ཁུལ་གྱི་ཉེན་རྟོག་པ་ཞིག་ལ་རྒྱལ་ཡོངས་ཀྱི་དཔེ་བཟང་རག་འདུག།

   ད་ལོའི་སྤྱི་ཟླ2པར་ཁོང་གིས་དཔུང་སྡེ་འཁྲིད་ནས་ཉིན་ཞག་གཉིས་ལ་སྤྱི་ལེ་སུམ་སྟོང་ལྷག་ཡོད་པའི་སི་ཁྲོན་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ་བཅས་ཞིང་ཆེན་བཞི་བརྒལ་ཏེ། རྟ་རྐུ་བའི་གྱོད་གཞི་ཞིག་རྩད་ཆོད་བྱས་པ་དང་། མངའ་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་གྱོང་གུན་སྒོར་ཁྲི7ལྷག་གི་གུན་གསབ་ཐུབ་པ་རེད།

རང་ཁུལ་གྱི་ཉེན་རྟོག་པ་ཞིག་ལ་རྒྱལ་ཡོངས་ཀྱི་དཔེ་བཟང་རག་འདུག།
རང་ཁུལ་གྱི་ཉེན་རྟོག་པ་ཞིག་ལ་རྒྱལ་ཡོངས་ཀྱི་དཔེ་བཟང་རག་འདུག།

     སྤྱི་ཟླ3པར་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོ་འཆར་ཉེར་སྐབས། ལིའུ་ཕུང་གིས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་ཡན་ལག་རུ་ཁག་ཆེད་དུ་བཙུགས་པ་དང་། གཙོ་ཟླ་རི་བོའི་འདབས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་གཙོ་དོན་བྱེད་སྒོ་སྤེལ་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་རེད། སྤྱི་ཟླ4པར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས《གནམ་དྲྭ》ལེ་ཚན་པར་ལེན་ཚོ་ཆུང་གིས་ཆེད་དུ་ལམ་མགོ་ལ་སྒང་ཡིས《རྟ་འཚོལ་བའི》ཆེད་དོན་པར་གཞི་ལེན་ནས་རླུང་འཚུབ་ལྟར་གྱི་རྗེས་འདེད་བྱས་རྗེས་མངོན་པ་བྱས་པ་དང་། སྔོན་དཔག་བྱས་ན་ད་ལོའི་ཟླ་བ6པར་བསྟན་རྒྱུ་རེད།།

རང་ཁུལ་གྱི་ཉེན་རྟོག་པ་ཞིག་ལ་རྒྱལ་ཡོངས་ཀྱི་དཔེ་བཟང་རག་འདུག།
རང་ཁུལ་གྱི་ཉེན་རྟོག་པ་ཞིག་ལ་རྒྱལ་ཡོངས་ཀྱི་དཔེ་བཟང་རག་འདུག།


  • ལེ་ཚན་སྔོན་མ།:ནུས་ཤུགས་ཡོད་རྒུས་ཞབས་ཞུ་ལེགས་པོ་སྒྲུབ་ལ་བརྩོན།། གོམ་སྟབས་ཆེན་པོ་ཡུལ་སྡེ་དར་རྒྱས་ལམ་དུ་བསྐྱོད།།
  • ལེ་ཚན་རྗེས་མ།:ཏང་གི་ཚོཊ་ཆེན་ཉི་ཤུ་པའི་སྙིང་དོན་གསལ་བཀྲོལ་དོན་ཚན་སུམ་ཅུ་མ།༼ ༡ ༽
  • དོ་སྣང་ཆེ་བའི་རྩོམ།