པར་རིས་གསར་འགྱུར།

        2023-05-04

པར་རིས་གསར་འགྱུར།

དཔྱིད་རྨོད་དཔྱིད་གྲབས་ལས་དོན་བདེ་བླག་ངང་སྤེལ་རྒྱུར་རོགས་རམ་བྱ་ཆེད། ཉིན་ཤས་བསྟུད་མར་དཔལ་ཡུལ་རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ཀྱིས་ད་ཡོད་ཀྱི་ལག་རྩལ་སྟོབས་ཤུགས་བསྡུས་ནས། རང་སོ་སོའི་ཆེད་ལས་ཁྱད་ཆོས་དང་ཡུལ་ཤོག་གི་དགོས་མཁོ་གཞིར་བཟུང་ནས་གྲོང་སྡེ་དང་དུད་ཚང་དུ་དཔྱིད་རྨོད་ཐོན་སྐྱེད་ཀྱི་ཡུལ་དངོས་སུ་མཛུབ་ཁྲིད་དང་གསོ་སྦྱོང་བྱེད་པར་བསྐྱོད་དེ། མང་ཚོགས་ཀྱི་ཐོན་སྐྱེད་ཁྲོད་ཀྱི་དངོས་ཡོད་དཀའ་ངལ་དུས་ཐོག་ཏུ་བསལ་ནས་ལག་རྩལ་དང་བྱ་ཐབས་ཁག་ཐོན་སྐྱེད་ཀྱི་ལས་ཡུལ་དང་པོར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཏེ་མང་ཚོགས་ཀྱི་དཔྱིད་རྨོད་ཐོན་སྐྱེད་ལ་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་རེད། པར་འདི་ནི་ཞིང་ལས་ལག་རྩལ་མི་སྣས་ཞིང་མུ་ཁར་ཞིང་ལས་རྒྱུ་ཆ་སྤྲོད་པ་དང་འབྲེལ་ཡུལ་དངོས་སུ་དཔྱིད་རྨོད་ཐོན་སྐྱེད་ལ་མཛུབ་ཁྲིད་བྱེད་བཞིན་པའི་ཚུལ་རེད།།  


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་སི་ཁྲོན་ཞིང་ཆེན་ཚགས་པར་གྱི་ཞོར་བཀོད་རྩོམ་ཚན་ཞིབ་འཇུག་ལྷན་ཚོགས་ཀྱི་འཐུས་མི་དང་ཐུག་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཨར་སྐྲུན་དུས་སྐབས་བཟང་ཤོས་དམ་དུ་འཛིན།། འབད་འབུངས་ཡར་བརྩོན་འཛུགས་སྐྲུན་ལས་ལ་བྲེལ།།
  • དོ་སྣང་ཆེ་བའི་རྩོམ།