ཧང་ཀྲོའུ་གྲོང་ཁྱེར་གྱི་ཆེད་དོན་རིག་རྩལ་མཚན་ཚོགས་དར་མདོར་འཚོགས།

ནོར་བུས་བསྒྱུར།        2023-04-27

    ཧང་ཀྲོའུ་གྲོང་ཁྱེར་གྱི་ཆེད་དོན་རིག་རྩལ་མཚན་ཚོགས་དར་མདོར་འཚོགས།

   མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་སྐུལ་བ་བཅས་བྱ་ཆེད། སྤྱི་ཟླ4པའི་ཚེས23ཉིན། 2023ལོའི་ཧང་ཀྲོའུ་གྲོང་ཁྱེར་གྱི“རིག་གནས་ཀྱི་བརྩེ་བ་དཀར་མཛེས་ཁུལ་དུ་སྤེལ”ཞེས་པའི་ཆེད་དོན་རིག་རྩལ་འཁྲབ་སྟོན་དེ་དར་མདོའི་ཟློས་གར་ཁང་དུ་སྤེལ་བ་རེད།

   ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲེ་ཅང་ཞིང་ཆེན་གྱི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལ་རོགས་སྐྱོར་ཡོང་མཁན་གྱི་ལས་དོན་རུ་ཁག་དང་། ཧང་ཀྲོའུ་གྲོང་ཁྱེར་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས། དཀར་མཛེས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཧང་ཀྲོའུ་གྲོང་ཁྱེར་རིག་གནས་ཁང་དང་། ཧང་ཀྲོའུ་གྲོང་ཁྱེར་གཞོན་ནུ་གླུ་གར་ཚོགས་པ་གསར་པའི་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་། དཀར་མཛེས་ཁུལ་རིག་རྩལ་ཚོགས་པའི་འཁྲབ་སྟོན་པ་རྣམས་ཀྱིས་གླུ་གར་དང་མིག་འཕྲུལ། ཟློས་གར། རྩལ་རྩེད་སོགས་འཁྲབ་ཚན11རེས་མོས་ངང་འཁྲབ་སྟོན་བྱས་པ་དང་། ལྟད་མོ་བ་ཚོ་ལ་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

ཧང་ཀྲོའུ་གྲོང་ཁྱེར་གྱི་ཆེད་དོན་རིག་རྩལ་མཚན་ཚོགས་དར་མདོར་འཚོགས།

   ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་པ་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་འཆང་། ཀྲེ་ཅང་དང་དཀར་མཛེས་ཁུལ་གྱིས་ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ས་གནས་གཉིས་པོའི་རིག་གནས་སྤེལ་རེས་ཀྱི་འབྲེལ་ཟམ་བཙུགས་པ་དང་། ཧང་ཀྲོའུ་དང་དཀར་མཛེས་ཁུལ་གཉིས་ཀྱི་རིག་གནས་སྤེལ་རེས་ལ་སྔར་བས་སྐུལ་འདེད་དང་། ས་གནས་གཉིས་ཀྱི་མཛའ་མཐུན་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ་ལ་རྨང་གཞི་བརྟན་པོ་བཏིང་བ་རེད།


  • ལེ་ཚན་སྔོན་མ།:ཕྱག་ཕྲེང་རྫོང་རག་ཝ་ཡུལ་ཤོག་གིས་མང་ཚོགས་ལ་བདེ་སྐྱིད་བསྐྲུན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།