ད་ལོར་ཀྲེ་ཅང་གི་དཀར་མཛེས་ཁུལ་ལ་རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར9ལག་ཏུ་འབྱོར་ཐུབ་རེ་ཡོད།

བདེ་སྐྱིད་ཀྱིས་བསྒྱུར།        2023-04-24

ཉེ་ཆར། གསར་འགོད་པས་དཀར་མཛེས་ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲེ་ཅང་གིས་དཀར་མཛེས་ཁུལ་དུ་ཁ་གཏད་རོགས་སྐྱོར་བྱེད་པའི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་གཞིར་བཟུང་ནས《ཀྲེ་ཅང་ཞིང་ཆེན་གྱིས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཁ་གཏད་རོགས་སྐྱོར་བྱས་པའི2023ལོའི་ལས་གཞི་ལག་བསྟར་འཆར་གཞི》གཤམ་བསྒྲགས་བྱས་ཏེ། ལོ་འཁོར་གྱི་རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར9དམིགས་སར་འབྱོར་བ་དང་། ལས་གཞི164བཀོད་སྒྲིག་བྱས་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་པ་རེད།

གཅིག་ནས་དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ལེགས་སུ་གཏང་དགོས་པ་དང་། གཉིས་ནས་ཐོན་ལས་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏང་དགོས། གསུམ་ནས་སློབ་གསོ་འཕེལ་རྒྱས་གཏོང་བའི་རྨང་གཞི་བརྟན་པོ་བཟོ་དགོས། བཞི་ནས་མི་རིགས་མཐུན་སྒྲིལ་གྱི་རྨང་རྡོ་བརྟན་པོ་འཛུགས་པ་བཅས་སོ།།

  • ལེ་ཚན་སྔོན་མ།:ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་བོད་ལྗོངས་ཚོང་ཚོགས་ཁེ་ལས་མཁས་ཅན་གྱི་འཐུས་མིར་ཐུག་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཕྱག་ཕྲེང་རྫོང་རག་ཝ་ཡུལ་ཤོག་གིས་གྲོང་ཁོངས་བཅོས་སྐྱོང་བྱས་ནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།