ཀྲེ་ཅང་ཚོང་པ་དཀར་མཛེས་ཁུལ་དུ་སྐྱོད་ཅེས་པའི་ཚོང་འགུགས་འོས་སྦྱོར་ཚོགས་འདུ་དར་མདོར་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2023-04-19

ཀྲེ་ཅང་ཚོང་པ་དཀར་མཛེས་ཁུལ་དུ་སྐྱོད་ཅེས་པའི་ཚོང་འགུགས་འོས་སྦྱོར་ཚོགས་འདུ་དར་མདོར་འཚོགས།

སྤྱི་ཟླ4པའི་ཚེས14ཉིན། ཀྲེ་ཅང་ཚོང་པ་དཀར་མཛེས་ཁུལ་དུ་སྐྱོད་ཅེས་པའི་ཚོང་འགུགས་འོས་སྦྱོར་ཚོགས་འདུ་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་འོས་སྦྱོར་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ་བ་རེད། སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཀྲེ་ཅང་ཞིང་ཆེན་གྱི་སི་ཁྲོན་དུ་བཅའ་སྡོད་ལས་དོན་ཚོ་ཆུང་གི་ཚོ་དཔོན་ཝང་ཅུན་འོས་སྦྱོར་ཚོགས་འདུར་ཞུགས་པ་འབྲེལ་གསུང་བཤད་ཀྱང་གནང་བ་དང་། སི་ཁྲོན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སུན་ཉིང་ཚོགས་འདུར་མཛུབ་ཁྲིད་གནང་དུ་ཕེབས། ཀྲེ་ཅང་ཚོང་ཚོགས་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་གཞོན་པ། ཀྲེ་ཅང་ཚོང་ཚོགས་ཀྱི་ཚོགས་གཙོ་ཁྲེན་ཁྲའོ་ཆིན་སོགས་འོས་སྦྱོར་ཚོགས་འདུར་ཞུགས་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཞང་ཧྥེ་ཡིས་འོས་སྦྱོར་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཧྲེན་དབྱང་གིས་ཤིས་ཚིག་ཏུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཀྲེ་ཅང་ཚོང་པ་དཀར་མཛེས་ཁུལ་དུ་བསྐྱོད་ཅེས་པའི་བྱེད་སྒོ་ཕན་འབྲས་ཡོད་པའི་ངང་གཉེར་བར་རྟེན་འབྲེལ་ཞུས་པ་དང་། ཀྲེ་ཅང་དང་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་མཁས་ཅན་ལ་དགའ་བསུ་ཟོལ་མེད་ཞུས་ཤིང་། དུས་ཡུན་རིང་པོར་དཀར་མཛེས་ཁུལ་འཕེལ་རྒྱས་དང་འཛུགས་སྐྲུན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ལས་རིགས་ཁག་གི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་བྱེད་སྒོ་འདི་འདྲ་སྤེལ་བ་ནི་དཀར་མཛེས་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་དོན་འཁྱོལ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། ཀྲེ་ཅང་དང་དཀར་མཛེས་ཁུལ་གཉིས་ཀྱིས་ཁ་གཏད་རོགས་སྐྱོར་དང་སྤེལ་རེས་མཉམ་ལས་ཤུགས་ཆེན་དུ་གཏོང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད། རྒྱ་ཆེ་བའི་ཀྲེ་ཅང་གི་ཚོང་པ་དཀར་མཛེས་ཁུལ་ལ་ལྟ་སྐུལ་དང་ཡུལ་སྐོར། མ་འཇོག་ལས་གཏོད་དུ་ཡོང་བར་དགའ་བསུ་ཞུ་བ་དང་། དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་གཉིས་ཁེ་གཉིས་ཕན་གྱི་ཕུགས་འདུན་གསར་པ་དང་ཁ་གཏད་རོགས་སྐྱོར་གྱི་རྣམ་པ་གསར་པ་མུ་མཐུད་དེ་གཏོད་ཅིང་། མཉམ་དུ་ཕྱུག་འབྱོར་ཡོང་བའི་ལེའུ་གསར་པ་རྒྱུན་མི་ཆད་པར་བརྩམ་པ་དང་། མི་རིགས་མཐུན་སྒྲིལ་གྱི་མཛད་རྗེས་རྡོ་རིང་གསར་པ་ཧུར་ཐག་བཞེངས་དགོས་ཞེས་གསུངས་ཡོད་པ་རེད།། 

  • ལེ་ཚན་སྔོན་མ།:ཁུལ་ཨུའི་དྲྭ་རྒྱ་ཉེན་མེད་དང་ཆ་འཕྲིན་ཅན་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་གཉིས་པ་ཚོགས།
  • ལེ་ཚན་རྗེས་མ།:དཔྱིད་ཀྱི་དུས་ཚིགས་བཟང་པོར་སྡོང་འཛུགས་དུས་སུ་སླེབས།
  • དོ་སྣང་ཆེ་བའི་རྩོམ།