ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་བོད་ལྗོངས་ཚོང་ཚོགས་ཁེ་ལས་མཁས་ཅན་གྱི་འཐུས་མིར་ཐུག་འཕྲད་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2023-04-24

སྤྱི་ཟླ4པའི་ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་དར་མདོར་བོད་ལྗོངས་ཚོང་པ་དཀར་མཛེས་ཁུལ་དུ་སྐྱོད་ཅེས་པའི་བྱེད་སྒོར་ཞུགས་མཁན་བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་དང་བཅས་པར་ཐུག་འཕྲད་གནང་ཞིང་། ཕྱོགས་གཉིས་པོས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཉམ་ལས་གཉིས་ཁེ་ཡོང་རྒྱུར་དམིགས་ནས་བཞུགས་མོལ་སྤེལ་རེས་བྱས་པ་རེད།

ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་བོད་ལྗོངས་ཚོང་ཚོགས་ཀྱི་ཁེ་ལས་མཁས་ཅན་རང་ཁུལ་དུ་རྟོག་ཞིབ་གནང་བ་ཕེབས་པར་དགའ་བསུ་ཞུས་པ་དང་། བོད་ལྗོངས་ཀྱི་ལས་རིགས་ཁག་གིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་དུ་རོགས་རམ་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་ངོ་སྤྲོད་ཀྱང་གནང་བ་རེད། ཧྲེན་དབྱང་གིས་བོད་ལྗོངས་དང་དཀར་མཛེས་ཁུལ་བར་གྱི་འབྲེལ་བ་ཟབ་མོ་ཡིན་པ་དང་ལོ་རྒྱུས་ཀྱི་འབྱུང་ཁུངས་ཟབ་ཅིང་། འབྲེལ་གཏུག་མཉམ་ལས་དམ་ཟབ་བཅས་ཡིན་པས། ད་ཆ་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་འགྲོ་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་། ཚོང་དོན་ལ་དགའ་པོ་བྱེད་པའི་རྣམ་པ་སྔར་བས་བཟང་དུ་ཕྱིན་ཡོད། མ་འཇོག་ཚོང་ལས་ཀྱི་མི་མངོན་པའི་ནུས་པ་ཆེན་པོ་ལྡན་ཡོད། བོད་ལྗོངས་དང་རྒྱ་ཆེ་བའི་ཚོང་ཚོགས་ཁེ་ལས་བར་གྱི་འབྲེལ་བ་ལ་སྔར་བས་ཤུགས་རྒྱག་པ་དང་། བརྩེ་སེམས་ཟབ་ཏུ་བཏང་སྟེ་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་ཐུན་མོང་ཐོག་འཕེལ་རྒྱས་གཏང་རྒྱུའི་རེ་བ་ཡོད། ང་ཚོས་ཕྱོགས་ཁག་གི་ཁེ་ལས་རང་ཁུལ་དུ་འཕེལ་རྒྱས་འགྲོ་རྒྱུར་དེ་བས་སྤུས་ལེགས་ཕན་ཆེའི་ཞབས་ཞུ་མཁོ་འདོན་བྱས་ནས་རྒྱ་ཆེ་བའི་ཁེ་ལས་མཁས་ཅན་ཚོར་བློ་བདེ་པོའི་ངང་མ་འཇོག་དང་ལས་གཏོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

བདེ་སྐྱིད་ཀྱིས་ཚོང་ཚོགས་ཁེ་ལས་ཀྱི་ཚབ་ཞུས་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་དང་ཁེ་ལས་དང་བཅས་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་དཀར་མཛེས་ཁུལ་གྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་དང་། ས་ཆ་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་གསར་པ་འཐོབ་པའི་སྨོན་འདུན་ཡང་ཞུས་པ་རེད།།

  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་ཞིབ་པ་ཁུང་པིང་ལ་ཐུག་འཕྲད་གནང་།
  • ལེ་ཚན་རྗེས་མ།:ད་ལོར་ཀྲེ་ཅང་གི་དཀར་མཛེས་ཁུལ་ལ་རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར9ལག་ཏུ་འབྱོར་ཐུབ་རེ་ཡོད།
  • དོ་སྣང་ཆེ་བའི་རྩོམ།