ལེགས་པོ་ལྔ་མཉམ་འདྲེས་དང་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་བཏང་།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-04-26

རང་ཁུལ་གྱིས་སྔོ་ཚོད་གླང་རྔ་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་ཡུལ་དངོས་གསོ་སྦྱོང་ཚོགས་འདུ་འཚོགས།

ལེགས་པོ་ལྔ་མཉམ་འདྲེས་དང་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་བཏང་།
གསོ་སྦྱོང་ཡུལ་དངོས།

སྤྱི་ཟླ4པའི་ཚེས20ཉིན། ཁུལ་ཡོངས་ཀྱི་སྔོ་ཚལ་གླང་རྔ་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་ཡུལ་དངོས་གསོ་སྦྱོང་ཚོགས་འདུ་ལྕགས་ཟམ་རྫོང་ཁུག་རྟ་ལུང་གྲོང་རྡལ་དུ་འཚོགས་པ་རེད། ཐེངས་འདིའི་གསོ་སྦྱོང་ནི་ཁུལ་ཞིང་འབྲོག་ཞིང་སྡེ་ཅུས་དང་ཁུལ་ཚན་རྩལ་ཅུས་ཡིས་སི་ཁྲོན་ཞིང་ཆེན་ཞིང་ལས་འཕྲུལ་ཆས་ཞིབ་འཇུག་ཇུས་འགོད་གླིང་དང་ཁུལ་ཞིང་ཆས་ཁྱབ་གདལ་ལྟེ་གནས། ཁུལ་རྩི་ཤིང་སྲུང་སྐྱོང་ས་ཚུགས། ཁུལ་ས་བོན་ས་ཚུགས་སོགས་དང་མཉམ་འབྲེལ་བྱས་ནས་གཉེར་པ་རེད། རང་ཁུལ་གྱི་རྫོང(གྲོང་ཁྱེར)ཁག་གི་གླང་རྔ་འདེབས་འཛུགས་དུད་ཆེན་དང་གྲོང་སྡེའི་ཕྱུག་འགྱུར་སྣེ་འཁྲིད་མཁན། གཞི་རིམ་ཞིང་ལས་ཚན་རྩལ་མི་སྣ། ཡུལ་དེ་གའི་ཞིང་དུད་སོགས་མི80ལྷག་གསོ་སྦྱོང་ལ་ཞུགས་པ་རེད།

གསོ་སྦྱོང་ཡུལ་དངོས་སུ་ལུད་གཏོར་འཕྲུལ་ཆས་དང་སྐོར་རྨོ་སྐྱི་ཁེབས་གཞི་གཅིག་ཅན་གྱི་འཕྲུལ་ཆས། སྔོ་ཚོད་ཐད་གཏོང་འཕྲུལ་ཆས་སོགས་ཀྱིས་ལུད་གཏོར་བ་དང་ཞིང་རྨོ་བ། ས་བོན་འདེབས་པ་སོགས་ཀྱི་ལས་ཀ་སྒྲུབ་བཞིན་ཡོད། འཕྲུལ་ཆས་ཅན་གྱི་འདེབས་འཛུགས་དང་བསྡུར་ན་ཁྱད་པར་མངོན་གསལ་དོད་པོ་ཡོད་པ་ནི་མི་ཐབས་ལ་བརྟེན་ནས་འགྱིག་ཤོག་འགེབས་པ་དང་མི་ཐབས་ལ་བརྟེན་ནས་ཐད་གཏོང་བྱས་པ་དེ་རེད།

ཞིང་འབྲོག་ཞིང་སྡེ་ཅུས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། སྲོལ་རྒྱུན་གྱི་མི་ཐབས་ལ་བརྟེན་ནས་ལས་ཀ་བྱེད་པ་དང་བསྡུར་ན། འཕྲུལ་ཆས་ཅན་གྱི་འདེབས་འཛུགས་བྱས་ན་སྔོན་མུའུ་རེར་མི6ནས8བར་གྱི་ལས་ཀའི་དུས་ཚོད16དགོས་པའི་ཞིང་ལས་ངལ་རྩོལ་བརྒྱུད་རིམ་ད་ཆར་མུའུ་རེར་མི2དང་འཕྲུལ་ཆས3གྱིས་ཆུ་ཚོད་གཅིག་གི་ནང་ལེགས་གྲུབ་ཐུབ་ཀྱི་ཡོད་པ་རེད།

ཧེ་བག་དེ་འདྲ་ཆེ་བའི་ཡུལ་དངོས་ཀྱི་ཞིབ་བསྡུར་ཕན་འབྲས་ལ་དམིགས་ཏེ་དེ་གར་ཡོད་པའི་མི་སྣས་འཚང་ཁ་ཤིག་ཤིག་ངང་ལག་རྩལ་མི་སྣར་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་བྱེད་སྟངས་འདྲི་རྩད་བྱས་པ་རེད། ལག་རྩལ་མི་སྣའི་ཞིབ་ཕྲའི་འགྲེལ་བཤད་ཁྲོད་ནས་མི་ཚང་མས་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་མ་གནས་དམའ་བ་དང་ངལ་རྩོལ་དྲག་པོ་བྱེད་མི་དགོས་པ། ལས་ཕྱོད་ཆེ་བ་བཅས་ཀྱི་ལེགས་ཆ་ངོས་འཛིན་གང་ལེགས་བྱས་པ་རེད། གླང་རྔ་འདེབས་འཛུགས་དུད་ཆེན་མི་ཉུང་བ་ཞིག་གིས་ཉན་རྗེས་ཚོད་ལྟ་བྱས་ནས་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱེད་འདོད་ཡོད་པ་རེད།

གསོ་སྦྱོང་བྱ་ཡུལ་དུ་དགེ་རྒན་གྱིས་ནན་ཏན་ངང་ཁྲིད་པ་དང་སློབ་མས་ནན་ཏན་ངང་ཉན་པ། ལག་རྩལ་མི་སྣས་ད་དུང་ཚོགས་ཞུགས་མི་སྣར་ལྗང་མདོག་སྔོན་འགོག་ཚོད་འཛིན་ལག་རྩལ་དང་ས་བོན་འདེམས་གསོ་ལག་རྩལ། འཕྲུལ་ཆས་ཀྱིས་ལུད་གཏོར་བ་དང་ས་ཁོད་སྙོམས་པ། འཕྲུལ་ཆས་ཀྱིས་ཐད་གཏོང་བྱེད་པ་དང་མི་མེད་གནམ་གྲུས་ཞིང་ཁ་བདག་གཉེར་བྱེད་པ་སོགས་མཐོ་སྒང་གི་གླང་རྔ་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་ལག་རྩལ་འགྲེལ་བཤད་བརྒྱབ་པར་མ་ཟད།ཡུལ་དངོས་ནས་སྔོ་ཚོད་ལྗང་གསོའི་ཐོན་སྐྱེད་བརྒྱུད་རིམ་འགྲེམས་བསྒྲགས་བྱས་པ་རེད།

ཡུལ་དངོས་འགྲེམས་སྟོན་མཇུག་འགྲིལ་རྗེས། ཚོགས་ཞུགས་མི་སྣས་ཞིང་ལས་འཕྲུལ་ཆས་དེང་རབས་ཅན་དང་གླང་རྔ་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན། འདེབས་འཛུགས་ལག་རྩལ། རྣམ་པ་གསར་པའི་ཞིང་པའི་གསོ་སྦྱོང་། སོན་ལེགས་དང་ཞིང་ལེགས། འཕྲུལ་ཆས་ལེགས་པོ། ཁྲིམས་ལེགས། ལམ་ལུགས་ལེགས་པོ་བཅས་ལེགས་པོ་ལྔའི་མཉམ་འདྲེས་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་དང་གྲོས་བསྡུར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཡུལ་དངོས་གསོ་སྦྱོང་ལས་ཁུག་རྟ་ལུང་གྲོང་རྡལ་གྱི་སྔོ་ཚོད་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ནས་ལེགས་པོ་ལྔ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་མ་ཐེབས་ནས“9•5”ལྕགས་ཟམ་རྫོང་གི་ས་འགུལ་བྱུང་རྗེས་བསྐྱར་སྐྲུན་དང་ཐོན་ལས་དར་རྒྱས་ལ་སྐུལ་མ་ཐེབས་པར་མ་ཟད། རང་ཁུལ་གྱི་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལའང་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།།



  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ཉག་ཆུ་རྫོང་དུ་རྟོག་ཞིབ་གནང་་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།