ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

    ཀྲུང་གོ་བོད་ཀྱི་དྲ་བ།    2023-04-25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་རྗེས། ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བླང་བྱ་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། དམིགས་འབེན་ལས་འགན་ལ་ཁ་ཕྱོགས་ཏེ། གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པ་དང་། ཕན་འབྲས་དངོས་ལ་མཐོང་ཆེན་གནང་ནས། བརྗོད་དོན་སློབ་གསོ་ཡང་དག་ཞིང་ནུས་ཤུགས་ལྡན་པ་དང་ཕན་འབྲས་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་བཏང་།

ཐེངས་འདིའི་བརྗོད་དོན་སློབ་གསོ་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཡིན་ཞིང་། དུས་ཚོད་བྲེལ་མྱུར་ཆེ་ལ་ལས་འགན་ལྕི་བ་དང་བླང་བྱ་མཐོན་པོ་བཏོན་ཡོད་པ་ཡིན། དེ་བད་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས“དགོངས་དོན་སློབ་སྦྱོང་དང་ཏང་གཤིས་ལ་ཤུགས་སྣོན་པ། ལག་ལེན་གཙོར་འཛིན་པ་དང་། བྱས་རྗེས་གསར་བ་འཇོག་པའི”སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས། ཏང་ཙུའུ་ཆེད་དོན་གྲོས་ཚོགས་བསྡུས་པ་དང་གཞུང་ལུགས་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་སོགས་བརྒྱུད་དེ། སློབ་སྦྱོང་གཏིང་ཟབ་དུ་གཏོང་བ་དང་དོན་འཁྱོལ་བྱེད་ཐུབ་པ། སེམས་ལ་གཤགས་པ་བཅས་ལ་སྐུལ་འདེད་བཏང་། 

ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་དཔེ་ཀློག་འཛིན་གྲྭ་ཐེངས་གསུམ་སྤེལ་ཏེ། ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པས་གཟའ་འཁོར་གཅིག་གི་དུས་ཚོད་སྤྱད་དེ་གཅིག་བསྡུས་ངང་སློབ་སྦྱོང་བྱས་པ་དང་། ཏང་གི་ཕྱི་ཕྱོགས་བྱ་བའི་བརྗོད་གཞི་ཟུང་འབྲེལ་བྱས་ཏེ་ཐུན་མོང་གིས་བགྲོ་གླེང་བྱས། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་གཙོ་གནད་ལས་འགན་གྱི་ཞིབ་ཐོ་ཁག14བཟོས་ཏེ། མགོ་འཁྲིད་ནས་སློབ་སྦྱོང་། མི་སྒེར་གྱིས་རང་སྦྱོང་། ཀྲི་པུའུ་ཡིས་མཉམ་དུ་སློབ་སྦྱོང་བྱེད་པ་སོགས་བརྒྱུད་དེ་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་ཏུ་བཏང་། ཀྲུང་དབྱང་ཏང་གི་སློབ་གྲྭས་སློབ་གྲྭ་ཡོངས་ཀྱི་དགེ་རྒན་དང་ལས་བཟོ་པའི་སློབ་སྦྱོང་སློབ་གསོ་ཕན་ཚུན་སྤྱི་འདོམས་དང་། ལྟེ་གནས་ལས་དོན་དང་བརྗོད་དོན་སློབ་གསོ་སྤྱི་འདོམས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཆེད་དུ་མི་སྣ་སྐྱེད་སྲིང་དང་ཏང་གི་ཆེད་དུ་ཇུས་འབུལ་ལག་ལེན་བྱེད་པ་དེ་བརྗོད་དོན་སློབ་གསོའི་གོ་རིམ་ཡོངས་སུ་ཁྱབ་པར་བྱས།

ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་དམ་འཛིན་བྱས་ནས། སློབ་གླིང་གི་ལས་དོན་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་གསུང་རྩོམ་སློབ་སྦྱོང་འཛིན་གྲྭ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཐུན་མོང་སློབ་སྦྱོང་དང་ཞི་ཅིན་ཕིང་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་འཇིག་རྟེན་ལྟ་བ་བརྟག་ཐབས་སྨྲ་བའི་བགྲོ་གླེང་འཛིན་གྲྭ་སོགས་བསྡུས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མི་རིགས་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྩོམ་སྒྲིག་དང་དཔེ་སྐྲུན་བྱས་པ་དང་། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་བཞི་པའི་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་པར་གཞི་ཡིག་སྒྱུར་དང་དཔེ་སྐྲུན་སོགས་ཀྱི་ལས་དོན་སྤེལ་ནས། “སྲུང་སྐྱོང་གཉིས”ལག་ལེན་ཡག་པོ་བསྟར་བའི་མདུན་གྲལ་དུ་བསྐྱོད་ཡོད། ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་ཀྱིས་ལས་ཁུངས་དང་དེའི་ཁོངས་གཏོགས་ཀྱི་ཞིབ་འཇུག་ལྷན་ཚོགས51གི་བརྗོད་དོན་སློབ་གསོའི་ལས་དོན་བཀོད་སྒྲིག་ཞིབ་ཚགས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ནས་བློ་གྲོས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་ཐང་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་ཞབས་འདེགས་ཞུས།

བརྟག་དཔྱད་ཞིབ་འཇུག་ཆེས་ཆེར་སྤེལ་ནས་འགན་ནུས་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་དགོས། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གིས་བརྟག་དཔྱད་ཞིབ་འཇུག་དང་། ཆ་འཕྲིན་ཡར་ཞུ། བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་སོགས་བརྒྱུད་མང་ཚོགས་ཀྱི་ཐག་གཅོད་དཀའ་བ་དང་རེ་སྒུག་བཅངས་བའི་ཞིབ་ཕྲའི་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་སྟེ། གཞི་རིམ་ཚན་པ་དང་ཆ་སྒྲིག་མཉམ་སྐྲུན་དང་དང་བླངས་ཞབས་འདེགས་ཞུ་བྱ་བར་ཤུགས་སྣོན་དགོས་པའི་བླང་བྱ་བཏོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཞིབ་འཇུག་ཆེས་ཆེར་སྤེལ་བའི་སྐོར་གྱི་ལག་བསྟར་ཇུས་གཞི་དཔར་འགྲེམ་བྱས་པ་དང་། ད་ལོའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ནན་གྱིས་སྐྱོང་བྱ་བའི་གཙོ་གནད་ནང་གཏན་འཁེལ་བྱས་པའི་ལས་འགན་གཙོ་བོ་དང་ཟུང་འབྲེལ་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱ་གཞི་གཏན་འཁེལ་བྱས། སློབ་གསོ་པུས་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཕྱོགས12ཐད་ཀྱི་བརྟག་ཞིབ་ནང་དོན་དང་ཞིབ་བསྡུར་བྱས་ནས་སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས13གྱི་གནད་དོན་ཞིབ་ཕྲ་བཟོས་པ་དང་། གནད་དོན་གྱི་གསལ་ཐོ་དང་བརྟག་ཞིབ་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ཀྱི་གསལ་ཐོ་བཟོས་ནས། བརྟག་ཞིབ་གྲུབ་འབྲས་དེ་གནད་དོན་ཐག་གཅོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཕན་འབྲས་སུ་བསྒྱུར་བར་འབད་བརྩོན་བྱས།

སློབ་སྦྱོང་བྱེད་ཞོར་དུ་ཞིབ་བསྡུར་བྱེད་ཞོར་དང་། ལྟ་ཞིབ་བྱེད་ཞོར་དུ་དག་ཐེར་བྱེད་ཞོར་བྱས། བརྗོད་དོན་སློབ་གསོའི་ཁྲོད། སྲིད་ཁྲིམས་ལས་ཁུངས་ཀྱིས་སྦྱངས་པ་བཀོལ་སྤྱོད་དང་ཉམས་ལེན་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། གནད་དོན་དག་ཐེར་དེ་བརྗོད་དོན་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས།

ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་ཀྱིས་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་གཙོ་ཤུགས་དམག་དཔུང་གི་བྱེད་ནུས་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ཏེ། གཞུང་ལུགས་སློབ་སྦྱོང་དང་རང་ངོས་བསམ་བློ། འགན་འཁྲི། བྱ་བའི་དོན་དངོས་བཅས་ཀྱི་ཟུང་འབྲེལ་ཐད་ཤུགས་བསྣན་ནས། བརྗོད་དོན་སློབ་གསོར་གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན། །

  • ལེ་ཚན་སྔོན་མ།:༄༅།།ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཡུན་ནན་སློབ་ཆེན་བཙུགས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུས་པ།
  • ལེ་ཚན་རྗེས་མ།:རང་རྒྱལ་འདི་ཉིད་མཁའ་སྐྱོད་རྒྱལ་ཁབ་སྟོབས་ཆེན་དུ་འགྱུར་བཞིན་ཡོད།
  • དོ་སྣང་ཆེ་བའི་རྩོམ།