ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཨུ་ལྷན་གཞུང་དོན་ཁང་གིས་ཚོགས་འདུ་ཐེངས་གསུམ་པ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2023-04-26

སྤྱི་ཟླ4པའི་ཚེས20ཉིན། ཁུལ2022 ལོའི་ཟླ་བ9པའི་ཚེས5ཉིན་ལ་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཨུ་ལྷན་གཞུང་དོན་ཁང་གིས་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་།ཚོགས་འདུར་ས་འགུལ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་སྐོར་གྱི་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་བསྐྱར་སྐྲུན་ཨུ་ལྷན་བཅས་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། འབྲེལ་ཡོད་ལས་དོན་སྙན་ཞུར་ཉན་འཇོག། འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་ནས་ཕྱིན་ཆད་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་བསྐྱར་སྐྲུན་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ། ཁུལ་བསྐྱར་སྐྲུན་གཞུང་དོན་ཁང་གི་ཀྲུའུ་རེན་ཏེང་ལི་ཅུན་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཏང་ཚན་ཁག་གི་ཧྲུའུ་ཅི་གཞོན་པ། ཁུལ་བསྐྱར་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཡུས་ཆུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུར་བསྟན་དོན། ན་ལོའི་སྤྱི་ཟླ9པའི་ཚེས5ཉིན་ལ་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་འགོ་བཙུགས་པ་ནས་བཟུང་། རིམ་པ་ཁག་དང་སྡེ་ཁག་སོ་སོས་འགན་འཁྲི་སྙིང་ལ་འཁུར་བ་དང་འགན་ནུས་སྒྲུབ་པ། གནོན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས་ལས་དོན་ཁག་ལ་འཕེལ་རིམ་དང་ཕན་འབྲས་ངེས་ཅན་ཐོབ་ཡོད། འོན་ཀྱང་མངོན་གསལ་དོན་པོའི་གནད་དོན་ཁ་ཤས་ད་དུང་གནས་ཡོད། རིམ་པ་ཁག་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་པ། རང་འགུལ་ངང་འབྲེལ་མཐུད་དང་བརྩོན་ལེན། མྱུར་ཚད་ཧྲིལ་པོར་སྐུལ་འདེད་དང་བསྡུར་སློབ་བསྙེགས་བརྒལ། ཚད་གཞི་དང་རེའུ་མིག་ཞིབ་བསྡུར་བཅས་བྱས་ནས་དུས་ཚོད་བརྩོན་ལེན་དང་འཕེལ་རིམ་རྗེས་འདེད། སྤུས་ཚད་མཐོ་ལ་ལས་ཕྱོད་ཆེ་བའི་སྒོ་ནས་བསྐྱར་སྐྲུན་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱ་དགོས།

ཚོགས་འདུར་འབྲེལ་ཡོད་རྫོང(གྲོང་ཁྱེར)དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་བསྐྱར་སྐྲུན་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་དང་། ད་དུང《“9·5”ལ་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀའི་མ་དངུལ་གྲབས་གསོག་ཇུས་གཞི》དང《“9·5”ལ་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀའི་དགེ་རྩའི་རྒྱབ་སྐྱོར་ལས་གཞིའི་དོ་དམ་བྱ་ཐབས》ལ་གྲོས་ཞིབ་བྱས་པ་རེད།།



  • ལེ་ཚན་སྔོན་མ།:ཕྱག་ཕྲེང་རྫོང་རག་ཝ་ཡུལ་ཤོག་གིས་གྲོང་ཁོངས་བཅོས་སྐྱོང་བྱས་ནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་ཉག་ཆུ་རྫོང་དུ་རྟོག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།