འཛམ་གླིང་དཔེ་ཀློག་ཉིན་མོར་ཕུལ་བའི་སྐད་ཆ།

ལྡོང་འཇིགས་སྲས།        2023-04-26

མི་ཚེ་ནི་མཛེས་སྡུག་ལྡན་པ་ཞིག་རེད། དེ་ཉིད་སྦྲུམ་ཆེད་དཔེ་ཆ་ནི་མེད་དུ་མི་རུང་བའི་ཕན་འདོགས་བྱེད་ཅིག་སྟེ། དཔེར་ན་མི་ལ་མིག་མེད་ན་འགྲོ་ས་མི་རིག་པ་དང་འོད་སྣང་མེད་པ་བཞིན་ནོ།།

དཔེ་ཆའི་མཁའ་དབུགས་རྔུབ་པའི་རིགས་ཀྱི་རྒྱུད་འཛིན་དག ཐོས་བསམ་གྱི་རོལ་རྩེད་འཁྲབ་པའི། དཔེ་ཀློག་གི་འཐབ་ར་ན་ངལ་དུབ་ལ་རྒྱབ་གྱིས་ཕྱོགས། དཔེ་ཆ་བ། བསམ་པའི་འཁྱེར་སོ་དང་མི་གཞི་ཀུན་སྤྱོད་ནི་མི་གཞན་དག་དང་འགྲན་ཐབས་མེད་པ་ཞིག་རེད། ཁོ་ཚོས་རིང་ཐུང་མེད་པའི་དུས་ཚོད་ཀྱི་རྒྱུན་ལ། མེ་ཏོག་གི་ཁ་བ་ལྷབ་ལྷུབ་ཏུ་འབབ་ཅིང་དབྱངས་གསལ་གྱི་ཆར་བ་ཤག་ཤག་ཏུ་འཇོ། སྐབས་ལ་ལར་རང་ཉིད་ལ་འཕུར་རྩལ་གྱི་གཤོག་པ་ངོམ་ཞིང་བརྩེ་འཛུམ་གྱི་འདབ་ལག་བར་མེད་དུ་བཞད། དཔེ་ཆ་ལས་ང་ཚོ་གཉོམ་དུང་དུང་གི་མཚོ་རྫིང་དང་། ངུ་ངག་གི་འཇིག་རྟེན་ལས་བསྐྱབས་ནས། དབྱངས་སྙན་མོད་པའི་རྩྭ་ཐང་ཞིག་སྤྲུལ། ང་ཚོ་མཐའ་མེད་པའི་རྩྭ་ཐང་དེ་ནས། ཉི་མའི་བརྩེ་བྱམས་ཀྱི་འོད་ཟེར་འོག་ཏུ། ཚོར་ཡན་མི་གཅིག་པའི་རྨི་ལམ་སྣ་ཚོགས་ལ་རེ། རིམ་བཞིན་དྲན་གདུང་གི་ཉིན་མཚན་ཟད་དུས། ལོ་ཟླ་བཞུད་ཤུལ་དུ་སེམས་ཀྱི་ཟབ་སར་ཉར་བའི། གསེར་གྱི་ཞྭ་མོ་གྱོན་པའི་སྐྱེས་ཆེན་ཚོ་ཡང་དཔེ་ཆ་དང་འདྲིས་ནས་འདུ། 


  • ལེ་ཚན་སྔོན་མ།:དཔྱིད་ཀ་དང་རླུང་བུ།
  • ལེ་ཚན་རྗེས་མ།:དཔེ་ཆ་ནི་ཤེས་རབ་ཀྱི་ལྷ་ཆེན་པོ་དེ་ཡིན།