ཧྲེན་དབྱང་གིས་ཉག་ཆུ་རྫོང་དུ་རྟོག་ཞིབ་གནང་།

སྐལ་ཐུབ་ཀྱིས་བསྒྱུར།        2023-04-26

ཧྲེན་དབྱང་གིས་ཉག་ཆུ་རྫོང་དུ་རྟོག་ཞིབ་གནང་།
ཧྲེན་དབྱང་གིས་ཉག་ཆུ་རྫོང་མགར་ར་གྲོང་རྡལ་དུ་རྟོག་ཞིབ་གནང་བཞིན་པའི་ཚུལ།

སྤྱི་ཟླ4པའི་ཚེས20ནས21ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཉག་ཆུ་རྫོང་དུ་བསྐྱོད་དེ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་གཙོ་བོར་དམིགས་ནས་བརྟག་ཞིབ་དང་འབྲེལ་ལས་ཀའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཉག་ཆུ་རྫོང་གི་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བའི་དམིགས་འབེན་ལས་འགན་དང་ལས་ཀའི་བྱེད་ཐབས་ལ་ཞིབ་འཇུག་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་ཤུགས་ཆེན་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཞིང་ཨུའི་བོད་དང་འབྲེལ་བ་ཡོད་པའི་ལས་ཀའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་ཅིང་། ཞིང་ཨུའི“སྤྱིའི་སྣེ་ཁྲིད་དང་། སྤྱིའི་གཞི་འཛིན་ས། སྤྱིའི་བསམ་གཞིགས”བཅས་ལ་དམིགས་ཤིང་། ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། གོ་སྐབས་དམ་དུ་འཛིན་པ་དང་། བབ་བསྟུན་མདུན་སྐྱོད། དོན་གཉེར་མྱུར་སྒྲུབ་བྱེད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་བས་གཙོར་བཟུང་སྟེ། རྫོང་ཁོངས་དཔལ་འབྱོར་གྱི་རྫོང་སྟོབས་ཆེན་མགྱོགས་སུ་སྐྲུན་པ་དང་། དཀར་མཛེས་ཁུལ་དབུས་རྒྱུད་ཀྱི་ཉེན་མེད་བརྟན་བརླིང་གི་བར་ཁྱམས་འབད་པས་བཙུགས་ཏེ།དཀར་མཛེས་ཁུལ་དབུས་རྒྱུད་ཀྱི་དར་རྒྱས་ཆེ་ས་ཧུར་ཐག་གིས་གསར་འཛུགས་བྱ་དགོས་པའི་ནན་གསུང་གནང་།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐུང་རུང་ཚོགས་འདུར་ཞུགས་ཡོད།

ཚོགས་འདུར་ཉག་ཆུ་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས་ལས་དོན་སྙན་སེང་ཞུ་བ་དང་ཚོགས་ཞུགས་ཁུལ་མགོ་ཁྲིད་ཚོས་གཏམ་བཤད་བྱས། ཚང་མའི་གཏམ་བཤད་ལ་གསན་རྗེས་ཧྲེན་དབྱང་གིས་ཉེ་བའི་ལོ་ཤས་རིང་ཉག་ཆུ་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་པར་བརྟེན། དཔལ་འབྱོར་འཕེལ་རྒྱས་འགྲོ་ཤུགས་ཆེ་བ་དང་།མང་ཚོགས་ཀྱི་འཚོ་བ་རྒྱུན་མི་ཆད་པར་ལེགས་སུ་ཕྱིན་པ། སྐྱེ་ཁམས་སྲུང་ཡོལ་སྔར་བས་བརྟན་དུ་ཕྱིན་པ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་བཅས་བྱུང་ཡོད། ཉག་ཆུ་རྫོང་གི་ནུས་རྒྱུའི་ཐོན་ཁུངས་དང་ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་པ། རང་བྱུང་མཛེས་ལྗོངས་ཡག་པ། ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པ། སྲིད་ཇུས་ཀྱི་གོ་སྐབས་གཅིག་ཐོག་གཅིག་བརྩེགས་ཡོད་པས་འབྱུང་འགྱུར་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ལྡན་ཡོད། ཉག་ཆུ་རྫོང་གིས་འཐབ་ཇུས་ཀྱི་བསམ་གཞིག་བཅངས་ནས་རྫོང་གི་གནས་ཚུལ་ལ་ངོས་འཛིན་ཡག་པོ་དང་འཕེལ་རྒྱས་ཀྱི་ཚད་དཔོག་འཚོལ་ཐུབ་པ་བྱས་ཏེ་ནུས་རྒྱུ་གཙང་མ་དང་། ལེགས་ལྡན་གཏེར་ཁ། ཁྱད་ལྡན་ཞིང་ལས། རིག་གནས་ཡུལ་སྐོར་བཅས“དོན་ཆེན་བཞི”ཡག་པོ་བསྒྲུབས་ནས་ཁུལ་ཨུའི་རེ་བ་ཆེན་པོ་ཆུད་ཟོས་སུ་མི་གཏོང་བར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཤུགས་ཡོད་རྒུས་བསྐུལ་དགོས་ཞེས་གསུངས་པ་རེད།

ཧྲེན་དབྱང་གིས་ནན་གསུང་གནང་དོན། སྔར་བྱུང་མྱོང་མེད་པའི་གོ་སྐབས་གལ་ཆེན་དམ་དུ་བཟུང་ནས་རྫོང་ཁོངས་དཔལ་འབྱོར་གྱི་རྫོང་སྟོབས་ཆེན་མགྱོགས་པོ་བསྐྲུན་དགོས་པ་སྟེ། ཉག་ཆུ་རྫོང་ལྟེ་བར་བྱས་ནས་ཉག་ཆུའི་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་དགོས། ལིས་གཏེར་ཁ་གསར་སྤེལ་བྱ་རྒྱུ་གཙོ་བོར་བཟུང་ནས་ཐོན་རྫས་རགས་པ་ཐོན་སྐྱེད་རྟེན་གཞི་བསྐྲུན་དགོས། བེ་ཤ་གཙོ་བོར་བྱས་ཏེ་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་རྟེན་གཞི་བསྐྲུན་དགོས། གནམ་འབྲུག་མཚེའུ་ལྟེ་བར་བྱས་ནས་རྒྱལ་ལམ318རྒྱུད་ཀྱི་མཛེས་ལྗོངས་ལམ་ཆེན་མཛེས་ཤོས་དང་མཉམ་འདྲེས་ཐུབ་པ་བྱ་དགོས། རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་ཞབས་ཞུ་དང་འགན་སྲུང་བྱ་རྒྱུ་གོ་སྐབས་སུ་བཟུང་སྟེ་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་གཏང་དགོས། དམངས་འཚོ་ལེགས་བཅོས་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས་མཉམ་དུ་ཕྱུག་པོར་འགྱུར་བར་བསྐུལ་དགོས།

ཧྲེན་དབྱང་གིས་འཕེལ་རྒྱས་དང་ཉེན་མེད་སྤྱི་འདོམས་བྱས་ནས་དཀར་མཛེས་ཁུལ་དབུས་རྒྱུད་ཀྱི་ཉེན་མེད་དང་བརྟན་ལྷིང་གི་བར་ཁྱམས་བསྐྲུན་དགོས་པ་སྟེ། ཆབ་སྲིད་ཉེན་མེད་དང་སྐྱེ་ཁམས་ཉེན་མེད། ཐོན་སྐྱེད་ཉེན་མེད་ཡོང་བར་སྲུང་སྐྱོང་བྱ་དགོས་ཞེས་ནན་གསུང་གནང་།

ཧྲེན་དབྱང་གིས་ཉག་ཆུ་རྫོང་གི་རིམ་ཁག་ལས་བྱེད་པས་འབད་འབུངས་ཡར་བརྩོན་དང་སྔོན་ཐོན་བརྩོན་ལེན་གྱི་བསམ་པའི་འཁྱེར་སོ་སྲུང་འཛིན་བྱས་ཏེ་དེང་རབས་ཅན་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་ཧུར་ཐག་གཏང་དགོས་པ་སྟེ། ཆབ་སྲིད་ཀྱི་བརྟན་ཤུགས་སྲུང་འཛིན་དང་། རྒྱུད་རིམ་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས། གསར་གཏོད་ཀྱི་སྙིང་སྟོབས་ཆེར་སྐྱེད། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། སྤྱོད་ཚུལ་ལེགས་སུ་འགྱུར་བར་དོ་སྣང་། སྲོལ་གཙང་ལུགས་དྲང་དར་སྤེལ་བཅས་བྱ་དགོས་པའི་ནན་གསུང་གནང་བ་རེད།།




  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཨུ་ལྷན་གཞུང་དོན་ཁང་གིས་ཚོགས་འདུ་ཐེངས་གསུམ་པ་འཚོགས།
  • ལེ་ཚན་རྗེས་མ།:ལེགས་པོ་ལྔ་མཉམ་འདྲེས་དང་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།