ཕྱག་ཕྲེང་རྫོང་རག་ཝ་ཡུལ་ཤོག་གིས་མང་ཚོགས་ལ་བདེ་སྐྱིད་བསྐྲུན།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-04-27

     གྲོང་ཁོངས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་ལས་དོན་སྤེལ་འགོ་བཙུགས་ཚུན། ཕྱག་ཕྲེང་རྫོང་རག་ཝ་ཡུལ་ཤོག་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྣ་མང་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ནས་རི་ཀླུང་གྲོས་མོལ་ལས་ཀའི་སྟེགས་བུ་དང་གསར་བརྗེའི་གནས་ཡུལ་ཕྲ་ཕྲེང་། དེ་བཞིན་ཆ་བསགས་སྒོ་རྩིས་ཚོང་ཁང་བཅས་ཀྱི་བཅོས་སྒྲིག་སྤུས་རྟགས་བཏོད་ནས2022ལོར་ཐུན་མོང་དཔལ་འབྱོར་ཁྱོན་ཡོངས་ལ་ཁྱབ་པ་དང་། མེད་པ་ནས་གསུམ་བཏོད་པ་མངོན་དུ་གྱུར་པ་དང་། ཉེན་མེད་འཛུགས་སྐྱོང་དང་སྤྱི་ཚོགས་བདེ་འཇགས། བདེ་སྐྱིད་སྟོན་གྲངས་བཅས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད། ཁོངས་གཏོགས་སུ་རྫོང་རིམ་པའི་དུས་བདེའི་དཔེ་སྟོན་གྲོང་སྡེ་དང་། ཁྲིམས་ལུགས་ཁྱབ་གདལ་གཏོང་ཐེངས་བདུན་པའི་སྔོན་ཐོན་ཐུན་མོང་། ཞིང་ཆེན་རིམ་པའི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་སྔ་རྗེས་སུ་བཙུགས་ཡོད། མཁས་སྨད་གྲོང་སྡེ་དེ་སི་ཁྲོན་ཞིང་ཆེན་གྱི་ཁག་གཉིས་པའི་གྲོང་སྡེ་བཅོས་སྐྱོང་དཔེ་སྟོན་གྲོང་སྡེར་བདམས་པ་རེད།

ཕྱག་ཕྲེང་རྫོང་རག་ཝ་ཡུལ་ཤོག་གིས་མང་ཚོགས་ལ་བདེ་སྐྱིད་བསྐྲུན།
རག་ཝ་ཡུལ་ཤོག་གིས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བཞིན་པའི་ཚུལ།

    རི་ཀླུང་གྲོས་མོལ་ལས་ཀའི་ལས་སྟེགས་བཙུགས་ནས་ཞུ་གཏུག་བསྡུས་ཏེ་གནད་དོན་ཐག་བཅད་པ།

   ཁོངས་གཏོགས་སུ་རྒན་རྒོན་ཚོ་དུས་རྒྱུན་གྲོང་སྡེའི་ཕྱི་རོལ་དུ་འཛོམས་ནས་ཁ་བརྡ་བྱེད་ཀྱིན་ཡོད། དབྱར་ཁ་དང་སྟོན་ཀའི་དུས་སུ་ཚ་བ་ཆེ་བ་དང་དགུན་དུས་བྱེ་རླུང་གཡུག་པས་རྒན་རྒོན་ཚོའི་མ་མཐའི་རྒན་གསོའི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ་དང་། ལྟེ་བའི་སློབ་གྲྭ་བཤིག་ནས་ཟླ་སྒྲིལ་བཏང་རྗེས། ཁོངས་གཏོགས་སུ་སློབ་མ68སློབ་གྲྭར་སྐྱོད་པའི་ལམ་ཐག་ཅུང་རིང་བ་དང་གཟའ་མཇུག་ཏུ་འགྲོ་འོང་སྟབས་བདེ་མེད་པས་ཁྱིམ་བདག་གི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་པ་སོགས་ཀྱི་གནད་དོན་འདི་དག་ནི་ལོ་ཤས་གོང་རག་ཝ་ཡུལ་ཤོག་གིས་རི་ཀླུང་གྲོས་མོལ་ལས་ཀའི་ལས་སྟེགས་བརྒྱུད་ནས་བསྡུས་པའི་མང་ཚོགས་ཀྱི་དགོས་མཁོ་ཁག་གཅིག་རེད།

   2021ལོ་ནས2022ལོ་བར། རག་ཝ་ཡུལ་ཤོག་གིས་སྨི་ངོས་གྲུ30ནས50བར་ཡོད་པའི་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་བྱ་ཡུལ3རིམ་སྤོར་བསྒྱུར་བཀོད་བྱས་ནས་གྲོང་སྡེའི་རྒན་རྒོན་གྱི་རོགས་རེས་རྒན་གསོའི་རྣམ་པ་འཚོལ་ཞིབ་བྱས། 2022ལོའི་ལོ་མཇུག་ཏུ་ཡུལ་ཤོག་དེས་རྫོང་རིམ་པའི་གཙོ་གཉེར་སྡེ་ཚན་དང་འབྲེལ་མཐུད་བྱས་ནས་རག་ཝ་ནས་ཕྲེང་སྟོད་ལྟེ་བའི་སློབ་གྲྭའི་བར་གྱི་གྲོང་སྡེའི་འགྲུལ་སྐྱེལ་བཙུགས་པས་སློབ་མའི་འགྲོ་སྐྱོད་དང་སློབ་མ་སྐྱེལ་བསུ་བྱེད་མཁན་ཁྱིམ་བདག་གི་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གིས་བཅད། མང་ཚོགས་ལ་དགོས་མཁོ་ཡོད་ཚེ་ང་ཚོས་བྱེད་ཐབས་སྤྱད་ནས་དགོས་མཁོ་བསྐང་དགོས། མང་ཚོགས་ལ་དཀའ་ངལ་ཡོད་ཚེ་ང་ཚོས་བྱེད་ཐབས་སྤྱད་ནས་ཐག་གཅད་དགོས་པ་དང་ཞབས་ཞུའི་ལས་དོན་དེ་མང་ཚོགས་ཀྱི་སེམས་གཏིང་ལ་ཕན་ཐོགས་པར་བྱ་དགོས་ཞེས་རག་ཝ་ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་ལུའོ་ཅའོ་ཡིས་རི་ཀླུང་གྲོས་མོལ་ལས་ཀའི་ལས་སྟེགས་བསྐྲུན་པའི་ཐོག་མའི་བསམ་གཞི་སྐོར་གླེང་སྐབས་དེ་ལྟར་ངོ་སྤྲོད་བྱས་པ་རེད།

   2021ལོ་ནས་བཟུང་རག་ཝ་ཡུལ་ཤོག་གིས་བཙུགས་པའི་རི་ཀླུང་གྲོས་མོལ་ལས་ཀའི་ལས་སྟེགས་བརྒྱུད་དེ་བརྟག་ཞིབ་དང་ངོ་བཅར་དང་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་མང་ཚོགས་ཀྱི་དཀའ་ངལ་རེ་ཞུ56བསྡུས་ནས་དཀའ་ངལ་རེ་ཞུ53ཐག་བཅད་པ་རེད། ཚགས་བཤེར་དང་བཅར་འདྲི། མཐུན་སྦྱོར་སོགས་ཀྱི་བྱ་ཐབས་བརྒྱུད་དེ་ཡིག་བསྐུར་ངོ་བཅར་གྱི་གྱོད་རྙིང་དང་མངོན་གསལ་དོད་པའི་གནད་དོན། འགལ་ཟླ་དང་མི་མངོན་པའི་རྐྱེན་ངན48ནུས་ལྡན་ངང་སྔོན་འགོག་དང་ཐག་བཅད་པ་དང་། ཡུལ་ཤོག་ཡོངས་ཀྱི་འགལ་བ་དང་རྩོད་གཞིའི་ཡིག་བསྐུར་ངོ་བཅར་གྱི་གྱོད་གཞི་དེ2019ལོའི60ནས2022ལོའི25བར་ཉུང་དུ་ཕྱིན་ཡོད་པ་རེད། གྲོང་སྡེ་དང་གྲོང་སྡེའི་བར་དང་མང་ཚོགས་དང་ཁྱིམ་མཚེས་བར་གྱི་འགལ་ཟླ་དང་རྩོད་གཞི་གཅིག་ཀྱང་ཐོན་མེད་པ་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་འཆམ་མཐུན་དང་གྲོང་མི་ཕན་ཚུན་བར་མཛའ་མཐུན་ཡིན་པས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    གསར་བརྗེའི་དྲིལ་བསྒྲགས་སློབ་གསོའི་སྤུས་རྟགས་བཏོད་ནས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དྲག་ཏུ་བཏང་།

   2022ལོའི་ཟླ་བ་བདུན་པར་དྲྭ་ཐོག་བཅའ་ཁྲིམས་བློ་འདྲི་ཞེས་པའི་རི་མཐོའི་ཕྱུགས་རིགས་འགན་གཙང་གན་རྒྱ་འཇོག་པའི་མཛད་སྒོ་དེ་ཡུལ་ཤོག་དེའི་མཁས་སྨད་གྲོང་སྡེའི་བྱེད་སྒོ་ཁང་དུ་གཉེར་བ་རེད། རིམས་ནད་རྐྱེན་གྱིས་འགྲོ་སྐྱོད་མི་བདེ་བའི་མཁས་སྨད་གྲོང་སྡེས་མཉམ་འབྲེལ་དྲྭ་རྒྱ་ལ་བརྟེན་ནས《རག་ཝ་ཡུལ་ཤོག་མཁས་སྨད་གྲོང་སྡེའི་རི་མཐོའི་ཕྱུགས་རིགས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ནོར་གནག་གསོ་ཚགས་འགན་གཙང་གྲོས་མཐུན》གྱི་འཆར་ཟིན་ཞིབ་བཤེར་གཏན་འབེབས་བྱས་ཏེ་རི་མཐོའི་ཕྱུགས་རིགས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དང་འགན་གཙང་གསོ་ཚགས་དུད་ཆེན་ཕྱོགས་གཉིས་ཀའི་ཁྲིམས་མཐུན་ཁེ་དབང་བསྲུངས་ནས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ཉེན་ཁ་མེད་པར་བཟོས་པ་རེད།

    2021ལོར་རག་ཝ་ཡུལ་ཤོག་གིས་གསར་བརྗེའི་དྲིལ་བསྒྲགས་སློབ་གསོའི་སྤུས་རྟགས་བཏོད་རྗེས་ཁྲིམས་སྐྱོང་བསམ་བློ་རིམ་བཞིན་ཇེ་བརྟན་དང་ཇེ་ལེགས་སུ་ཕྱིན་ཡོད། སྒྲོག་འགྲེལ་རུ་ཁག་གིས་གསར་བརྗེའི་རིག་གནས་དང་རྒྱལ་ཁབ་ཀྱི་སྲིད་ཇུས། བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་སྒྲོག་འགྲེལ་གྱི་གཙོ་གནད་ནང་དོན་དུ་བྱས་ནས་གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚན་ཁག་ཡོངས་ཀྱི“དྲ་བ་གཅིག”ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་བཅའ་ཁྲིམས་ཤེས་མཁན་མི223ལ་གསོ་སྦྱོང་བྱས་པ་དང་འབྲེལ་མང་ཚོགས་ཀྱི་སྒྲོག་འགྲེལ་ཚོགས་ཆེན་འཚོགས། དེ་དང་ཆབས་ཅིག་རག་ཝ་ཡུལ་ཤོག་གི“རྩིས་ཁྲ་དམར་པོ་དང་སྔོན་པོ”དང་། དུད་ཚང་རིམ་པའི་ཆ་འཕྲིན་ཤེས་རྟོགས་བྱེད་ས323བཙུགས་ནས་སྒྲོག་འགྲེལ་ནང་དོན་ཡོངས་བསྒྲགས་སློབ་གསོ་བཏང་ནས་མང་ཚོགས་ཀྱིས་སྤྱི་པའི་ལས་དོན་ཤེས་རྟོགས་དབང་ཆ་དང་ཐེ་ཞུགས་དབང་ཆར་འགན་ལེན་བྱས་པ་རེད། མིག་སྔའི་བར་ཡུལ་ཤོག་དེས་ཁྲིམས་སྲོལ་དང་སྲིད་ཇུས་སྣ་ཚོགས་ཐེངས50ལྷག་བསྒྲགས་པ་དང་མང་ཚོགས་ལ་ཁྱབ་ཚད་བརྒྱ་ཆ100ལ་ཟིན་ཡོད་པ་རེད།

   2019ལོའི་སྔོན་དུ་གྲོང་སྡེ་ཁག་གི་གཉེན་སྟོན་དང་འདས་མཆོད་སོགས་ལ་རྨོངས་ཚོད་ཀྱིས་བསྡུར་རེས་དང་རྒྱས་སྤྲོས་ཆུད་ཟོས་སོགས་ཀྱི་སྣང་ཚུལ་ཐོན་ནས་གནོན་ཤུགས་ཆེ་རྐྱེན་མང་ཚོགས་ཀྱི་དཀའ་སྡུག་ཚད་མེད་མྱོང་གི་ཡོད། 2020ལོར་སླེབས་སྐབས་རག་ཝ་ཡུལ་ཤོག་གིས་གྲོང་སྡེ་ཁག་ཏུ་གཉེན་སྟོན་དང་འདས་མཆོད་ལས་འཛིན་ལྷན་ཚོགས་བཙུགས་ནས་དྲིལ་བསྒྲགས་ཁྲིད་སྟོན་བྱས་པར་བརྒྱུད་ཏང་མིས་སྣེ་ཁྲིད་དེ་གྲོང་སྲོལ་དམངས་ཆིངས་ཀྱི་ཁ་ཆད་འོག། གཉེན་སྟོན་སྤེལ་བའི་རིན་གོང་གཏན་འཁེལ་ཚད་གཞི་དང་འདས་མཆོད་ཀྱི་རིན་གོང་གཏན་འཁེལ་ཚད་གཞི་བཟོས་པ་སྟེ། སྒྲོག་ཙེ་རེའི་ཐོག་སྤྱོད་པའི་ཐ་མག་སྒམ་ཆུང་རེར་སྒོར20ལས་མི་བརྒལ་བ་དང་ཨ་རག་ཤེལ་དམ་རེར་སྒོར25ལས་མི་བརྒལ་བ། གསོལ་སྟོན་ལ་སྒོར350ལས་མི་བརྒལ་བ་བཅས་བྱས་པར་མང་ཚོགས་ཀྱིས་སྤྲོ་བས་དང་ལེན་བྱས་པ་རེད།

   ཆ་བསགས་སྒོ་རྩིས་ཚོང་ཁང་བཙུགས་ནས་ཡུལ་སྡེའི་བཅོས་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས།

   ཁོར་ཡུག་འཕྲོད་བསྟེན་ཞན་པ་དང་སྤྱི་པའི་ས་ཁོངས་ལ་དོ་དམ་མི་འདང་བ། གྲོང་མི་ཚོགས་ཆེན་ལ་ཞུགས་འདོད་ན་ཞུགས་པ་དང་ཞུགས་མི་འདོད་ཚེ་མི་འགྲོ་བ། སྲིད་ཇུས་དོན་ཐོག་ཏུ་མི་འཁྱོལ་བ་དང་སྤྱི་པའི་ལས་དོན་ལ་ཞུགས་ཚད་དམའ་བ། གྲོང་སྡེའི་ལས་བྱེད་པའི་ལས་དོན་ལ་ཁས་མི་ལེན་པ་དང་དོ་སྣང་མི་བྱེད་པ་སོགས་ཀྱི་གནད་དོན་འདི་དག་ནི2020སྔོན་དུ་རག་ཝ་ཡུལ་ཤོག་ཏུ་གནས་པའི་ཡོངས་ཁྱབ་ཀྱི་སྣང་ཚུལ་ཞིག་རེད།

   གནད་དོན་དེ་དག་ལ་དམིགས་ཏེ་རག་ཝ་ཡུལ་ཤོག་གིས་རང་སྐྱོང་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་གྲོང་སྡེ་རིམ་པའི་ཡུལ་ཤོག་ཡུལ་སྲོལ་སྤྱོད་བཟང་ཆ་བསགས་སྒོ་རྩིས་ཚོང་ཁང་བཙུགས་ནས་སྐར་མ་རྒྱག་པའི་ལས་ཀའི་དཔུང་ཁག་དང་ལམ་ལུགས་རབ་དང་རིམ་པ་བཟོས་ནས་སྡེ་མིའི་འཚོ་སྡོད་ཁོར་ཡུག་དང་ཁྱིམ་མཚེས་བར་གྱི་རྩོད་གཞི། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ་སོགས་ཕྱོགས5ཡི་ཐད་དམིགས་ནས་ཟླ་རེར་སྐར་མ་རིམ་རྩིས་བྱས་ནས་དུས་ཚིགས་བཞིན་འཚོ་བའི་མཁོ་ཆས་བརྗེ་ཆོག་པ་ལག་ལེན་བསྟར། ད་སྔར་ཡུལ་ཤོག་དེས་རིམ་རྩིས་བྱས་ན་སྒོར་ཁྲི4ལྷག་ཙམ་བརྗེས་ནས་མ་རྩ་ཆུང་ངུའི་ཐོག་ནས་མང་ཚོགས་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་རྒྱུ་དང་ནང་གནས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་པའི་ནུས་པ་ཐོབ། བྱེད་ཐབས་དེར་རྒྱལ་ཁབ་ཞིང་ལས་དང་གྲོང་གསེབ་པུའུ་ཡི་བསྔགས་བརྗོད་ཐོབ་ཡོད་པ་རེད།

ན་ནིང་གི་ཐུན་མོང་དཔལ་འབྱོར་གྱི་ཁེ་འབབ་བགོ་བའི་ཚོགས་ཆེན་དུ་རག་ཝ་ཡུལ་ཤོག་གི་གཙང་མཛེས་ཞིབ་བསྡུར་ནས་དམིགས་བསལ་ཐོན་རྫས་ཆེད་ལས་མཉམ་ལས་ཁང་གིས་ཞིང་དུད་ཀྱི་དུད་ཚང་རེར་ཆ་སྙོམས་བགོ་འགྲེམས་རྒྱག་པ་ཕུད་ད་དུང་ཐུན་མོང་ཡོང་འབབ་གཏོད་པའི་མ་དངུལ་སྤྱད་དེ་འཚོ་བའི་ཐད་དཀའ་ངལ་ཡོད་པའི་དུད་ཚང་དང་སློབ་མའི་སྦྱངས་འབྲས་ཕུལ་དུ་བྱུང་བའི་ཁྱིམ་ཚང་། གྲོང་སྡེའི་ནང་གི་མཚོན་ཚུལ་མངོན་གསལ་དོད་པའི་ལས་གནས་མེད་པའི་ཏང་མི། གྲོང་སྡེའི་ནང་གི་སྤྱི་པའི་ལས་དོན་མཚོན་ཚུལ་མངོན་གསལ་དོད་པའི་མི་སྒེར་དང་སྤྱོད་བཟང་ཁྱིམ་ཚང་སོགས་ཚང་མར་འཚམས་འདྲི་དང་བྱ་དགའ་སྤྲད་དེ་མང་ཚོགས་ལ་གྲོང་སྡེ་བཅོས་སྐྱོང་ནང་ཧུར་ཐག་ཞུགས་རྒྱུའི་སྐུལ་ལྕག་བྱས་པ་རེད། དེ་དང་ཆབས་ཅིག་ཡུལ་ཤོག་དེས“མཛེས་སྡུག་གི་རག་ཝ”ཐེབས་རྩ་ཆུང་གྲས་སྤྱད་དེ“མཛེས་སྡུག་རག་ཝའི”ཡོངས་བསྒྲགས་མིང་ཐོ་བཙུགས་ནས་བྱ་དགའ་དང་ཆད་གཅོད་ཆུང་གྲས་དེ་མང་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་འཕེལ་བར་བྱེད་པའི་ནང་གནས་ཀྱི་སྒུལ་ཤུགས་ཤིག་ཏུ་བསྒྱུར་ཡོད་པ་རེད། ཡུལ་ཤོག་དེས་ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་བྱ་བར་སློབ་གསོ་བརྒྱབ་ནས་མང་ཚོགས་ཀྱི་བློ་ཁ་བཀུག་སྟེ་མི་དམངས་མང་ཚོགས་ཀྱི་ཁྲེལ་གྲགས་བསམ་པ་བསྐུལ་ནས་གྲོང་སྡེ་བཅོས་སྐྱོང་ནང་ཞུགས་པའི་གསར་གཏོད་སྙིང་སྟོབས་དང་ནང་གནས་སྒུལ་ཤུགས་འཕེལ་བ་བྱས་ཡོད་པ་རེད།།

 


  • ལེ་ཚན་སྔོན་མ།:ལེགས་པོ་ལྔ་མཉམ་འདྲེས་དང་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:ཧང་ཀྲོའུ་གྲོང་ཁྱེར་གྱི་ཆེད་དོན་རིག་རྩལ་མཚན་ཚོགས་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།