ཧྲེན་དབྱང་གིས་སི་ཁྲོན་ཞིང་ཆེན་ཚགས་པར་གྱི་ཞོར་བཀོད་རྩོམ་ཚན་ཞིབ་འཇུག་ལྷན་ཚོགས་ཀྱི་འཐུས་མི་དང་ཐུག་འཕྲད་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2023-05-04

སྤྱི་ཟླ4པའི་ཚེས25ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཧྲན་དབྱང་གིས་འདབ་པ་རྫོང་དུ་སི་ཁྲོན་ཞིང་ཆེན་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་གཞོན་པ་ལིའུ་ཝུན་མིང་དང་སི་ཁྲོན་ཞིང་ཆེན་ཚགས་པར་ཞོར་བཀོད་རྩོམ་ཚན་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་ཅང་མིང་དང་མཇལ་འཛོམས་གནང་བ་དང་། འདབ་པ་རིག་གནས་ཡུལ་སྐོར་གྱི་མཚོན་བྱེད་གསར་པ་གཏོད་པ་དང་གསར་འགྱུར་བརྒྱུད་བསྒྲགས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་བ། དཀར་མཛེས་ཁུལ་གྱི་གཙོ་རྒྱུན་རིག་རྩལ་གྱི་སྐད་སྒྲ་སྙན་པོ་མཆོག་ཏུ་འཛིན་པ། དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ནས་བཞུགས་མོལ་བྱས་པ་རེད།

ཧྲེན་དབྱང་གིས་སི་ཁྲོན་ཞིང་ཆེན་ཚགས་པར་གྱི་ཞོར་བཀོད་རྩོམ་ཚན་ཞིབ་འཇུག་ལྷན་ཚོགས2023ལོའི་ལོ་ཚོགས་དང2022ལོའི་སི་ཁྲོན་ཞིང་ཆེན་གྱི་གསར་འགྱུར་བྱ་དགའི་ཚགས་པར་གྱི་ཞོར་བཀོད་རྩོམ་ཚན་བྱ་དགའ་དཔྱད་བསྡུར་ཚོགས་འདུ་འདབ་པ་རྫོང་དུ་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཞིང་ཆེན་དང་གྲོང་ཁྱེར(ཁུལ)གྱི་འཕྲིན་སྦྱོར་ཚན་པ40ལྷག་ཙམ་གྱི་ཚོགས་ཞུགས་གསར་འགྱུར་ལས་དོན་པ་དང་རིག་རྩལ་ལས་དོན་པ་བརྒྱ་ལྷག་ཙམ་ཕེབས་པར་དགའ་བསུ་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་།དཀར་མཛེས་ཁུལ་གྱིས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཚད་དཔོག་ལ་གཞི་ཚུགས་ནས་ཐོན་ཁུངས་དང་ནུས་རྒྱུ་ཕུན་སུམ་ཚོགས་པ་དང་། རིག་གནས་ཀྱི་ནང་དོན་ཟབ་པ།རང་བྱུང་མཛེས་ལྗོངས་མཛེས་སྡུག་ལྡན་པ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་རྒྱུ་གཙོ་རྐང་དུ་བྱས་ནས“དཔེ་སྟོན་ཡུལ་ཁུལ་གཉིས་དང་གནས་ཡུལ་གསུམ”གང་མགྱོགས་བཏོད་དེ་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་དུམ་བུ་དང་ས་ཁོངས་ཧྲིལ་པོའི་རྟེན་རྫས་བཤམས་མཛོད་ཁང་ཁྱབ་པའི་ཁུལ་བསྐྲུན་རྒྱུར་སྐུལ་འདེད་བཏང་བས་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་བྱ་གཞག་ཁག་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། དུས་ཡུན་རིང་པོའི་ནང་ཞིང་ཆེན་གསར་འགྱུར་ལས་དོན་པའི་མཐུན་ཚོགས་དང་ཞིང་ཆེན་ཚགས་པར་ཞོར་བཀོད་རྩོམ་ཚན་ཞིབ་འཇུག་ལྷན་ཚོགས་ཀྱིས་དཀར་མཛེས་ཁུལ་གྱི་དྲིལ་བསྒྲགས་ངོ་སྤྲོད་ལ་དམིགས་ནས་ལས་དོན་འབོར་ཆེན་བསྒྲུབས་པ་དང་བརྩམས་ཆོས་རྩེ་གྲ་འབོར་ཆེན་ཞིག་སྤེལ་ཏེ་དཀར་མཛེས་ཁུལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། སྔ་མ་ནང་བཞིན་དཀར་མཛེས་ཁུལ་ལ་དོ་ཁུར་ཐུགས་ཁུར་གནང་དེ་རྩོམ་ཡིག་རེ་རེ་དང་པར་རིས་རེ་རེ།བརྙན་ལམ་རེ་རེ་བཅས་སྤྱད་དེ་དཀར་མཛེས་ཁུལ་འཕེལ་རྒྱས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་མཛེས་སྡུག་ཟིན་ཐོར་འགོད་པ་དང་འགྲེམས་སྟོན་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། འཕྲིན་སྦྱོར་དང་རིག་རྩལ་ལས་རིགས་ཀྱི་གྲོགས་པོ་ཚོས་རྟག་ཏུ་ལྟ་སྐོར་དང་རྟོག་ཞིབ། དམངས་གཞས་འཚོལ་བསྡུ་བཅས་བྱེད་པར་ཕེབས་ནས་ཡིད་ཁམས་ཟབ་མོ་དང་མི་སེམས་འགུལ་བའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱས་ཏེ་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ཆེད་དྲང་ནུས་སྟོབས་ཆེན་གོང་བུ་གཅིག་ཏུ་འགྲིལ་རྒྱུར་སྤྲོ་སེམས་ཆེན་པོས་དགའ་བསུ་ཞུ་རྒྱུ་ཡིན།

ལིའུ་ཝུན་མིང་དང་ཅང་མིང་གིས་ཉེ་བའི་ལོ་ཤས་རིང་ཞིང་ཆེན་གསར་འགྱུར་ལས་དོན་པའི་མཐུན་ཚོགས་དང་ཞིང་ཆེན་ཚགས་པར་གྱི་ཞོར་བཀོད་རྩོམ་ཚན་ཞིབ་འཇུག་ལྷན་ཚོགས་འཕེལ་རྒྱས་འགྲོ་ཚུལ་ངོ་སྤྲོད་བྱས་པ་རེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ད་ཐེངས་ཀྱི་ལོ་ཚོགས་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་ཚོས་ཞིང་ཆེན་དེ་ཡོངས་ཀྱི་འཕྲིན་སྦྱོར་གྱིས་ཚགས་པར་དང་དུས་དེབ། དྲ་བ། སྣེ། འཕྲིན་ཆུང་།བརྙན་ཤེལ་སོགས་སྟེགས་བུ་ཁག་ལ་སྔར་བས་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་གསར་འགྱུར་འགོད་མཁན་དང་རིག་རྩལ་ལས་དོན་པ་སྒྲིག་འཛུགས་བྱས་ཏེ་དཀར་མཛེས་ཁུལ་དུ་བསྐྱོད་ནས་བྱེད་སྒོ་སྤེལ་བ་དང་།དཀར་མཛེས་ཁུལ་གྱི་མཛེས་ལྗོངས་ཆ་རྒྱུས་ལེན་པ་དང་།དཀར་མཛེས་ཁུལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ།དཀར་མཛེས་ཁུལ་གྱི་སྐད་སྒྲ་བརྒྱུད་བསྒྲགས་བཅས་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ལ་སྐུལ་འདེད་གཏོང་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།

ཁུལ་གྱི་མགོ་ཁྲིད་ཁྲེན་པོ་ཐའོ་དང་འདབ་པ་རྫོང་ཨུ་དང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་མགོ་གཙོ་བློ་མཐུན་ཀྲང་ཅན་གོ། སི་ཁྲོན་དཔལ་འབྱོར་ཉིན་རེའི་ཚགས་པར་དང་།ཧྭ་ཤི་གྲོང་ཁྱེར་ཚགས་པར། སི་ཁྲོན་ཁྲིམས་སྐྱོང་ཚགས་པར་ཁང་། མེ་ཧྲན་ཉིན་རེའི་ཚགས་པར་ཁང་། རྔ་པ་ཁུལ་གསར་འགྱུར་འཕྲིན་སྦྱོར་ལྟེ་གནས་སོགས་འབྲེལ་ཡོད་འཕྲིན་སྦྱོར་གྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:གསེར་རྟ་སེ་ར་དགོན་པས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་།
  • ལེ་ཚན་རྗེས་མ།:པར་རིས་གསར་འགྱུར།
  • དོ་སྣང་ཆེ་བའི་རྩོམ།