གསེར་རྟ་སེ་ར་དགོན་པས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་།

རྒྱ་ཐར་ཚེ་རིང་གིས་བྲིས་ཤིང་སྐལ་བཟང་གིས་པར་བླངས།        2023-04-27

 གསེར་རྟ་སེ་ར་དགོན་པས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་།

 ཉེ་ཆར། གསེར་རྟ་རྫོང་སེ་ར་དགོན་པའི་དོ་དམ་ཨུ་ལྷན་གྱིས་ལས་བྱེད་པ་དང་དགོན་སྡེའི་དགེ་འདུན་པ་བཅས་ཁྱོན70ལྷག་སྒྲིག་འཛུགས་བྱས་ནས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་འདུ་ཤེས་བརྟན་པོར་འཆང་བ་དང་། སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱས་ཏེ་སྐྱེ་ཁམས་ཀྱི་དགོན་སྡེ་འཛུགས་སྐྱོང་བྱེད་པའི་གཙོ་དོན་ལ་དམིགས་ནས་ཤིང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་སྤེལ་བ་རེད།

གསེར་རྟ་སེ་ར་དགོན་པས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་།

   ལས་བྱེད་པ་དང་དགེ་འདུན་པ་རྣམས་ཀྱིས་མཐུན་སྒྲིལ་དང་རོགས་རེས། མཛའ་གྲོགས་བཅས་ཀྱི་སྙིང་སྟོབས་འདོན་སྤེལ་གང་ལེགས་བྱས་ནས་ཤིང་འཛུགས་ལས་ཀའི་ནང་ཧུར་ཐག་ཞུགས་ཏེ་དགོན་སྡེའི་ཉེ་འཁོར་དང་། གཞུང་ལམ་གྱི་གཡས་གཡོན། ས་སྟོང་སོགས་སུ་གསོམ་སྡོང༤༠༠ལྷག་བཙུགས་པ་རེད། སྡོང་འཛུགས་བྱེད་སྒོའི་ནང་ཚང་མས་ལས་བགོས་མཉམ་སྒྲུབ་དང་། ཕན་ཚུན་གཞོགས་འདེགས། ངར་ཤུགས་གཅིག་སྒྲིལ་བྱས་ནས་མཉམ་དུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་། སྲུང་སྐྱོང་གི་ངར་ཤུགས་འདོན་པ་རེད།

   ཤིང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་སྤེལ་བ་བརྒྱུད་དགེ་འདུན་པ་དང་ལས་བྱེད་པའི་ཕན་ཚུན་བར་གྱི་མཛའ་བརྩེ་ཟབ་ཏུ་ཕྱིན་པ་དང་། རྒྱ་ཆེ་བའི་དགེ་འདུན་པས་ཁོར་ཡུག་གཅེས་སྐྱོང་དང་། སྐྱེ་ཁམས་སྲུང་སྐྱོང་། མཛེས་སྡུག་ལྡན་པའི་དགོན་སྡེ་སྐྲུན་པ་བཅས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།


གསེར་རྟ་སེ་ར་དགོན་པས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་།

  གོམ་སྟབས་རྗེས་མར་སེ་ར་དགོན་པའི་ཆོས་ལུགས་ཁྱབ་ཁོངས་ཀྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་བའི་དམིགས་ཡུལ་བཟུང་ནས། སྐྱེ་ཁམས་སྔོན་ལ་འཇོག་པའི་རྩ་དོན་མཐའ་འཁྱོངས་དང་། དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་བསམ་བློ་བརྒྱུད་སྤེལ་ཧུར་ཐག་བྱེད་པ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ཤེས་དཔལ་གྱི་དགོན་སྡེ་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཁོར་ཡུག་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། རྒྱ་ཆེ་བའི་དགེ་འདུན་པ་ཚོས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་། རྩི་ཤིང་སྔོ་འགྱུར་གྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་དགོན་སྡེའི་ཁོར་ཡུག་སྔོ་ལྗང་ཅན་དུ་འགྱུར་བ་ནི་དགེ་འདུན་པ་ཚོའི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱ་རྒྱུ། དེ་ལྟར་རྒྱ་ཆེ་བའི་དགེ་འདུན་པ་ཚོར་དབེན་འཇགས་དང་། ཞི་མཐུན། མཛེས་སྡུག་བཅས་ཀྱི་འཚོ་བའི་ཁོར་ཡུག་བསྐྲུན་པ་དང་། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དེ་དགེ་འདུན་པ་ཚོའི་བདེ་སྐྱིད་ཀྱི་རྒྱབ་རྟེན་དུ་འགྱུར་བར་བྱ་རྒྱུ་རེད།

གསེར་རྟ་སེ་ར་དགོན་པས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་།

  • ལེ་ཚན་སྔོན་མ།:ཧང་ཀྲོའུ་གྲོང་ཁྱེར་གྱི་ཆེད་དོན་རིག་རྩལ་མཚན་ཚོགས་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།