ཏང་གི་ཚོཊ་ཆེན་ཉི་ཤུ་པའི་སྙིང་དོན་གསལ་བཀྲོལ་དོན་ཚན་སུམ་ཅུ་མ།༼ ༡ ༽

སྐལ་ཐུབ་ཀྱིས་བསྡུས་ནས་ཞུས།        2023-05-06

གཅིག། ཏང་གི་ཚོགས་ཆེན་ཉི་ཤུ་པ་དུས་ནམ་ཞིག་ལ་ས་གནས་གང་དུ་འཚོགས་པ་རེད་ཟེར་ན།

    ལན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་སྤྱི་ལོ2022ལོའི་ཟླ་བ10པའི་ཚེས16ནས་ཚེས22ཉིན་བར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་པ་རེད།

གཉིས། ཚོགས་ཆེན་གྱི་གཙོ་དོན་གང་རེད་ཟེར་ན།

    ལན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཞི་ཅིན་ཕིང་གི་དུས་རབས་ གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་སྐྱོང་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ། རང་ལ་ཡིད་ཆེས་དང་ཡར་ཐོན་ལྷུར་ལེན། བདེན་སྲུང་གསར་གཏོད། ངར་སེམས་ཆེར་སྐྱེད། མདུན་སྐྱོད་ཞུམ་མེད་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱ་དགོས་པ་དེ་རེད།

གསུམ། ཚོགས་འདུར་ཞུགས་མཁན་ག་ཚད་ཡོད་པ་རེད་ཟེར་ན།

    ལན། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་དགོས་པའི་འཐུས་མི2296དང་། དམིགས་བསལ་གདན་ཞུས་འཐུས་མི83བཅས་ཁྱོན་བསྡོམས་འཐུས་མི2379ཡོད། དངོས་སུ་མི་གྲངས2340ཞུགས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར་མྱོང་བ་དང་འཁུར་མུས་ཡིན་པའི་ཏང་ཕྱིའི་མི་སྣ་དང་། པེ་ཅིང་དུ་བཞུགས་པའི་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཤོག་གང་ལའང་མི་གཏོགས་པའི་འཐུས་མི། ཆོས་ལུགས་ལས་རིགས་ཀྱི་འཐུས་མི། པེ་ཅིང་དུ་བཞུགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཁྲོད་ཀྱི་དམངས་གཙོ་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པ་དང་མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་སྐུ་མགྲོན་གྱི་ངོས་ནས་ཚོགས་ཆེན་ལ་ཟུར་ཞུགས་གནང་ཡོད་པ་རེད། ཏང་ནང་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཡང་ཚོགས་ཆེན་ལ་ཟུར་ཞུགས་གནང་ཡོད།

བཞི། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་ཁག་ག་ཚད་བགོས་ནས་བཀོད་ཡོད་པ་དང་། དེ་ཚོ་རེ་རེ་བཞིན་ཅི་འདྲ་རེད་ཟེར་ན།

    ལན། ཁག་བཅོ་ལྔ་བགོས་པ་སྟེ། གཅིག འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ།  གཉིས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་བསམ་ཕྱོགས་གསར་པ་བཏོད་པ། གསུམ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན།  བཞི། འཕེལ་རྒྱས་ཀྱི་གནས་བབ་གསར་པ་གང་མགྱོགས་བསྐྲུན་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ལ་སྐུལ་འདེད་ཤུགས་ཆེན་གཏང་དགོས། ལྔ། ཚན་སློབ་རྒྱལ་དར་གྱི་འཐབ་ཇུས་ལག་ལེན་བསྟར་ནས་དེང་རབས་ཅན་འཛུགས་སྐྲུན་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། དྲུག བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་སྟེ་མི་དམངས་རང་ཁྱིམ་རང་བདག་ཡོང་བའི་འགན་ལེན་བྱ་དགོས། བདུན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་རྒྱུན་འཁྱོངས་ནས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་གཏང་དགོས། བརྒྱད། རིག་གནས་ཀྱི་གདེང་ཚོད་དང་རང་སྟོབས་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལས་འོད་སྟོང་གསར་པ་འཕྲོ་བར་བྱ་དགོས།  དགུ། དམངས་འཚོའི་བདེ་རྩ་ཆེ་རུ་བཏང་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏང་དགོས།  བཅུ། འབྱུང་འཕྲོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་དང་རང་བྱུང་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏང་དགོས།  བཅུ་གཅིག རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས།  བཅུ་གཉིས། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཐུབ་པར་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་རྣམ་པ་གསར་པ་གཏོད་དགོས། བཅུ་གསུམ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏང་དགོས། བཅུ་བཞི། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འགྲོ་བ་མིའི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་སྐུལ་འདེད་གཏང་དགོས། བཅོ་ལྔ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། དུས་རབས་གསར་པའི་ཏང་སྐྱོང་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་ཤུགས་ཆེན་གཏང་དགོས། 



  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ཉེན་རྟོག་པ་ཞིག་ལ་རྒྱལ་ཡོངས་ཀྱི་དཔེ་བཟང་རག་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།