དཀར་མཛེས་རྫོང་གིས་ལྔ་གཅིག་དུས་ཆེན་ལ་བྱེད་སྒོ་གཟབ་རྒྱས་སྤེལ།

བློ་བཟང་དོན་འགྲུབ།        2023-05-06

དཀར་མཛེས་རྫོང་གིས་ལྔ་གཅིག་དུས་ཆེན་ལ་བྱེད་སྒོ་གཟབ་རྒྱས་སྤེལ།

   སྤྱི་ཟླ5ཚེས3ཉིན། དཀར་མཛེས་རྫོང་འདན་མ་གྲོང་རྡལ་དུ་ཁྱད་དུ་འཕགས་པའི་རླངས་འཁོར་བྱེས་བགྲོད་འགྲན་བསྡུར་ཞིག་གཉེར་བ་རེད། རིག་གནས་ཡུལ་སྐོར་དང་འགྲན་བསྡུར་ཟུང་དུ་འབྲེལ་བའི་ཐབས་ཀྱིས་རྫོང་གི་ཡུལ་སྐོར་ལས་རིགས་ཁག་གི་སྐད་གྲགས་ཁྱབ་ཤུགས་ཆེ་རུ་བཏང་བ་དང་སྦྲགས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ཡང་འཕེལ་རྒྱས་ཕྱིན་ཡོད། ཁུལ་ཨུའི་རྒྱུན་ཨུ་དང་རྫོང་ཨུའི་ཧྲུའུ་ཅི་སྐལ་བཟང་གཡུང་དྲུང་བྱེད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གནང་བ་རེད།

 དཀར་མཛེས་རྫོང་གིས་ལྔ་གཅིག་དུས་ཆེན་ལ་བྱེད་སྒོ་གཟབ་རྒྱས་སྤེལ།

   འགྲན་བསྡུར་བྱ་ཡུལ་དུ་རླངས་འཁོར་གྱི་སྐད་སྒྲ་དང་ཐལ་རྡུལ་གྱིས་ཁེངས་ཤིང་། ཧྲང་ཧའེ་དང་། ཀྲེ་ཅང་།    ཁྲུང་ཆིང་། ཁྲེང་ཏུའུ། ཕན་ཀྲི་ཧྭ་སོགས་ནས་ཡོང་བའི་རླངས་འཁོར་འགྲན་ཞུགས་འོས་མི་རྣམས་ཀྱིས་བྱང་ཆུབ་པའི་ལག་རྩལ་དང་མདུན་སྐྱོད་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལ་ཐུར་ཐང་གསུམ་དང་། ཆུ་འོབས་འཕྲང་གསུམ་བརྒྱུད་དེ་མྱུར་ཚད་དང་སྤྲོ་ངར་གཉིས་འཛོམས་ཀྱི་རླངས་འཁོར་འགྲན་བསྡུར་ཞིག་ལྟད་མོ་བ་ཚོའི་མིག་ལམ་དུ་བཤམས་པས་དགའ་འབོད་ཡང་ཡང་ཐོབ་པ་རེད།

 དཀར་མཛེས་རྫོང་གིས་ལྔ་གཅིག་དུས་ཆེན་ལ་བྱེད་སྒོ་གཟབ་རྒྱས་སྤེལ།

   དེ་ནས་ནོར་བུ་གླིང་ཐང་ཆེན་དུ་རླངས་འཁོར་བྱེས་བགྲོད་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་བ་དང་། རྫོང་གི་འབྲེལ་ཡོད་མགོ་ཁྲིད་ཀྱིས་འགྲན་ཞུགས་པ་ངར་ཤོས་ལ་སྒོར5000དང་། ཨང་གསུམ་པ་ལ་སྒོར10000དང་། ཨང་གཉིས་པ་ལ་སྒོར20000དང་། ཨང་དང་པོ་ལ་སྒོར30000སྤྲད་པ་དང་། ལྗོངས་གནས་བཅོ་ལྔའི་མཚོན་བྱེད་ཟླ་བ་བཅོ་ལྔ་འཚོལ་ཐུབ་མཁན་གྱི་འགྲན་ཞུགས་འོས་མི་བསོད་བདེ་ཆེན་པོ་རེར་སྒོར10000སྤྲད་ཡོད། དེའི་རྗེས་གླུ་དང་བྲོ་ཡིས་འགྲན་བསྡུར་ལེགས་པར་གྲུབ་པར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་རེད།

  དཀར་མཛེས་རྫོང་གིས་ལྔ་གཅིག་དུས་ཆེན་ལ་བྱེད་སྒོ་གཟབ་རྒྱས་སྤེལ།

   “ལྔ་གཅིག”དུས་ཆེན་གྱི་གུང་གསེང་རིང་ལ། དཀར་མཛེས་རྫོང་གིས་ལྗོངས་གནས་བཅོ་ལྔའི་མཚོན་བྱེད་ཟླ་བ་བཅོ་ལྔ་འཚོལ་ས་འགྲོ་བའི་བྱེད་སྒོ་ཆེ་གྲས་ཕུད། ད་དུང་དངོས་ལྗོངས་འཁྲབ་སྟོན་དང་། མེ་ཕུང་དགོང་ཚོགས། གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་སྟོན།  ཁྱད་ལྡན་ཟས་ཞིམ་མྱོང་རོལ། རྟ་བཞོན་སྤྲོ་འཁྱམ། རླངས་འཁོར་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་རྒྱ་ཆེན་སྤེལ་ཡོད།

 དཀར་མཛེས་རྫོང་གིས་ལྔ་གཅིག་དུས་ཆེན་ལ་བྱེད་སྒོ་གཟབ་རྒྱས་སྤེལ།

   ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་གནས་བཅོ་ལྔའི་མཚོན་བྱེད་ཟླ་བ་བཅོ་ལྔ་འཚོལ་ས་འགྲོ་བའི་བྱེད་སྒོ་སྤྱི་ཟླ7པའི་བར་རྒྱུན་མཐུད་རྒྱུ་ཡིན་ལ། རྒྱ་ཆེ་བའི་ཡུལ་སྐོར་བ་དང་ཡུལ་མི་ཚོ་མུ་མཐུད་དེ་ཞུགས་ཆོག་པར་མ་ཟད། ད་དུང་པར་དང་བརྙན་བཟང་པོས་དཀར་མཛེས་རྫོང་གི་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་བའི་འགྲུལ་བ་བསོད་བདེ་ཆེན་མོ50བདམས་ནས་སྒོར3000ཡི་བྱ་དགའ་དང་། དེ་མིན་བྱེད་སྒོར་ཞུགས་པའི་འགྲུལ་བ་བསོད་བདེ་ཅན500ལ་སྒོར500ཡི་བྱ་དགའ་སྤྲད་རྒྱུ་རེད།


  • ལེ་ཚན་སྔོན་མ།:ཏང་གི་ཚོཊ་ཆེན་ཉི་ཤུ་པའི་སྙིང་དོན་གསལ་བཀྲོལ་དོན་ཚན་སུམ་ཅུ་མ།༼ ༡ ༽
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ཡུལ་སྐོར་ལྗོངས་ཁུལ་དུ་མི་གཡང་འཁོར།།
  • དོ་སྣང་ཆེ་བའི་རྩོམ།