ཧྲེན་དབྱང་གིས“ལྔ་གཅིག”གུང་གསེང་རིང་དར་མདོར་ཡུལ་སྐོར་ཞབས་ཞུ་འགན་ལེན་དང་ཉེན་མེད་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2023-05-08

ཧྲེན་དབྱང་གིས“ལྔ་གཅིག”གུང་གསེང་རིང་དར་མདོར་ཡུལ་སྐོར་ཞབས་ཞུ་འགན་ལེན་དང་ཉེན་མེད་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་།

ཧྲེན་དབྱང་གིས་ངལ་རྩོལ་དཔེ་བཟང་འཐུས་མིར་འཚམས་འདྲི་གནང་བཞིན་པའི་ཚུལ།

སྤྱི་ཟླ4པའི་ཚེས29ཉིན་ལ།“ལྔ་གཅིག”གུང་གསེང་གི་ཉིན་དང་པོར་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོ་གྲོང་ཁྱེར་དུ་གུང་གསེང་རིང་གི་ཡུལ་སྐོར་ཞབས་ཞུའི་འགན་ལེན་དང་།ཉེན་མེད་ཐོན་སྐྱེད།ནགས་ཚལ་རྩྭ་ཐང་གི་མེ་ཟོན་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་དང་། བརྙན་ལམ་ནས་འབྲེལ་ཡོད་གནས་ཚུལ་བཀོད་གཏོང་། འཐབ་ཕྱོགས་དང་པོའི་ལས་རེས་བརྟན་སྲུང་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་བྱེད་ལས་བཟོར་འཚམས་འདྲི་བཅས་གནང་བ་རེད། ཁོང་གིས་ཁུལ་གྱི་དུས་བདེ་འཛུགས་སྐྱོང་དང་གཙོ་གནད་ལས་དོན་གྱི་འཆར་ཅན་ཚོགས་འདུ་ཐེངས་བཞི་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས་མཐིལ་ཚད་ཀྱི་བསམ་གཞིག་དང་ཚད་ཆེན་བསམ་གཞིག་བརྟན་དུ་བཏང་ནས“རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ཐོག་ནས་འཕེལ་རྒྱས་དང་ཉེན་མེད་ལ་སྤྱི་འདོམས་དེ་བས་ཡག་པོ་བྱས་ཏེ་ཞིབ་ཕྲ་དང་ཏན་ཏིག་གི་སྒོ་ནས་འགན་ལེན་ཡག་པོ་བྱེད་པ་དང་། སེམས་ནུས་ཡོད་རྒུས་སྤུས་ལེགས་ཀྱི་ཞབས་ཞུ་བྱས་ཏེ་དུས་ཆེན་རིང་གི་ཡུལ་སྐོར་སྒྲིག་ལམ་སྲུང་བ་དང་ཁོར་ཡུག་ཉེན་མེད་ཡོང་བ་ཤུགས་བརྒྱག་དགོས་པའི་ནན་གསུང་གནང་བ་རེད།

འདི་ལོའི“ལྔ་གཅིག”གུང་གསེང་རིང་ལ། རང་ཁུལ་གྱི་ཡུལ་སྐོར་གྱི་ཚ་རླབས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་གཅིག་རྗེས་གཉིས་མཐུད་ངང་སླེབས་ཡོད།“བཟའ་སྡོད་སྐྱོད་གསུམ་དང་སྐོར་ཉོ་རྩེད་གསུམ”གྱི་ཞབས་ཞུའི་འགན་ལེན་ནུས་པ་གང་འདྲ་ཡོད་མེད་ལ་ཧྲེན་དབྱང་གིས་དོ་ཁུར་ཆེན་པོ་གནང་གི་ཡོད། དར་མདོ་གྲོང་ཁྱེར་གྱི་ཡུལ་སྐོར་ཞབས་ཞུའི་སྣེ་ལེན་གྱི་སྤྱིའི་གནས་ཚུལ་ངོ་སྤྲོད་ལ་གསན་རྗེས་ཧྲེན་དབྱང་གེ་སར་མགྲོན་ཁང་དུ་ཕེབས་ནས་མགྲོན་ཁང་གི་མངག་ཐོ་དང་རིན་གོང་། མེ་ཟོན་ཉེན་མེད་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་མགྲོན་ཁང་གི་སྒྲིག་བཀོད་སྒྲིག་ཆས་ལ་ལྟ་ཞིབ་གནང་བ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ཡུལ་སྐོར་ལྗོངས་ཁུལ་དུ་མི་གཡང་འཁོར།།
  • ལེ་ཚན་རྗེས་མ།:རང་ཁུལ་ཡུལ་སྐོར་ལྗོངས་ཁུལ་དུ་མི་གཡང་འཁོར།། རིག་རྩལ་བྱེད་སྒོ་སྣ་ཚོགས་ཀྱིས་ཡིད་དབང་འཕྲོག།
  • དོ་སྣང་ཆེ་བའི་རྩོམ།