ཁུལ་ཨུའི་གྲོང་ཡུལ་གཞི་རིམ་བཅོས་སྐྱོང་ཨུ་ལྷན་གྱིས་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2023-05-10

ཁུལ་ཨུའི་གྲོང་ཡུལ་གཞི་རིམ་བཅོས་སྐྱོང་ཨུ་ལྷན་གྱིས་ཚོགས་འདུ་འཚོགས།

སྤྱི་ཟླ5པའི་ཚེས5ཉིན་ལ་ཁུལ་ཨུའི་གྲོང་ཡུལ་གཞི་རིམ་བཅོས་སྐྱོང་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་ལག་བསྟར་དང་། འབྲེལ་ཡོད་ལས་ཀའི་སྙན་ཞུར་ཉན་པ། སླད་ཕྱིན་གྱི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་གྲོང་ཡུལ་གཞི་རིམ་བཅོས་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་། ཁུལ་གྲོང་ཡུལ་གཞི་རིམ་བཅོས་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་ཧྥུང་ཧྥ་ཀུའེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་ཨུའི་གྲོང་ཡུལ་གཞི་རིམ་བཅོས་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏེང་ལི་ཅུན་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུར་ཡུལ་སྡེ་བཅོས་སྐྱོང་གི་ཕན་འབྲས་དང་གྲོང་ཁྱེར་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་བཅོས་ཆུ་ཚད་མཐོ་རུ་གཏང་དགོས། དབུལ་ཐར་འགག་སྒྲོལ་གྱི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་ས་ཚུགས་དང་གྲོང་ཡུལ་གྱི་སྤྱི་ཁུལ་རྙིང་ཆུང་ལ་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་རྩ་འཛུགས་མ་ལག་འཐུས་ཚང་དང་བཅོས་སྐྱོང་མ་ལག་འཐུས་ཚང་། རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་། དོ་དམ་ཞབས་ཞུ་སྤུས་དག་བཅས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་འཚོ་བ་དེ་བས་སྟབས་བདེ་དང་བློ་བདེ་བག་ཕེབས་ཡོང་བ་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།

ཚོགས་འདུར་ནན་གསུང་གནང་དོན། གྲོང་ཡུལ་གྱི་གཞི་རིམ་བཅོས་སྐྱོང་ལས་དོན་ནི་རྙོག་འཛིང་ཆེ་ལ་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་སྡེ་ཚན་མང་པོ་དང་ཁྱབ་ཁོངས་མང་པོའི་མཐུན་སྦྱོར་མཉམ་འགུལ་བྱ་དགོས། ཁུལ་ཨུའི་གྲོང་ཡུལ་གཞི་རིམ་བཅོས་སྐྱོང་ཨུ་ལྷན་གཞུང་དོན་ཁང་གིས་མཛུབ་ཁྲིད་དང་དུས་ཐོག་ཏུ་རྗེས་འདེད་གཏོང་ཞིང་། སྣེ་ཁྲིད་ཚན་པས་ཇུས་འགོད་ཧུར་ཐག་དང་འགན་འཁྲི་ཡག་པོ་འཁུར་བ་དང་། ཁོངས་མི་སྡེ་ཚན་གྱིས་མ་སྐུལ་དང་བླངས་ངང་བྱ་སྤྱོད་སྤེལ་བ་དང་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ་ལས་དོན་ཁག་བརྟན་པོའི་ངང་སྐུལ་འདེད་གཏང་རྒྱུའི་འགན་ལེན་བྱ་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་ལ་དོ་སྣང་བྱེད་པ་དང་འདྲ་བཟོ་བྱེད་འོས་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་དང་བྱེད་སྟངས་ཁག་ཅིག་ཕྱོགས་བསྡོམས་དང་གདམ་གསེས་བྱས་ཏེ། བཅོས་སྐྱོང་གི་ཕན་འབྲས་དཔྱད་དཔོག་དང་གྲུབ་འབྲས་བཀོལ་སྤྱོད་བྱེད་པར་ཤུགས་སྣོན། གྲོས་མོལ་ཞིབ་འཇུག་དང་།ལྟ་སྐུལ་ཞིབ་བཤེར།རྗེས་སྙེག་འདྲི་རྩད་དང་ཕན་འབྲས་འདྲི་རྩད་སོགས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་ཞིང་། ལས་ཡུལ་དངོས་ཀྱི་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་། བསྡུར་སློབ་བསྙེགས་བརྒལ་དང་། དཔའ་ངར་ཆེ་སྐྱེད་སྔོན་ཐོན་གྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས།

ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད་དང་ཁུལ་ཨུའི་གྲོང་ཡུལ་གཞི་རིམ་བཅོས་སྐྱོང་ཨུ་ལྷན་གྱི་ཁོངས་མི་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:སྡེ་དགེ་རྫོང་གིས་ལྔ་གཅིག་དུས་ཆེན་རིང་རིག་གནས་ཡུལ་སྐོར་ཁྲོམ་རའི་ཐོན་སྐྱེད་ ཉེན་མེད་ཡོང་བར་ཞིབ་བཤེར་བྱས།
  • ལེ་ཚན་རྗེས་མ།:མཛའ་གཞས་གྲོང་དུ་དབྱིན་ཧྭ་མེ་ཏོག་བཞད་ནས་ཐག་རིང་འགྲུལ་པའི་ཡིད་དབང་བཀུག།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10