སྡེ་དགེ་རྫོང་གིས་ལྔ་གཅིག་དུས་ཆེན་རིང་རིག་གནས་ཡུལ་སྐོར་ཁྲོམ་རའི་ཐོན་སྐྱེད་ ཉེན་མེད་ཡོང་བར་ཞིབ་བཤེར་བྱས།

        2023-05-08

སྡེ་དགེ་རྫོང་གིས་ལྔ་གཅིག་དུས་ཆེན་རིང་རིག་གནས་ཡུལ་སྐོར་ཁྲོམ་རའི་ཐོན་སྐྱེད་ ཉེན་མེད་ཡོང་བར་ཞིབ་བཤེར་བྱས།

     དཀར་མཛེས་ཉིན་རེའི་ཚགས་པའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།“ལྔ་གཅིག”གུང་སེང་རིང་རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་བརྟན་ཞིང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པ་བྱས་ནས་རྒྱ་ཆེའི་ཡུལ་སྐོར་བར་དྲོ་སྐྱིད་དང་སྐྱིད་སྣང་དོད་པའི་ཡུལ་སྐོར་བྱ་ཡུལ་ཞིག་མཁོ་འདོན་བྱས་ནས་རིག་གནས་ཡུལ་སྐོར་ཁྲོམ་རའི་ཐོན་སྐྱེད་ཉེན་མེད་ཡོང་བར་ཞིབ་བཤེར་བྱེད་པའི་བྱེད་སྒོ་སྤེལ་ཡོད།

     བྱ་འགུལ་སྤེལ་རིང་།ཁྲིམས་འཛིན་མི་སྣས་འབྲེལ་ཡོད་རྩིས་ཁྲ་ལ་ལྟ་བ་དང་།ཡུལ་དངོས་སུ་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་བཟའ་བཏུང་ཁང་དང་མགྲོན་ཁང་།སིལ་ཚོང་ཁང་། སྨན་ཁང་།མཛེས་བཟོ་བྱུག་རྫས་ཁང་།སྒོ་རྩིས་ཚོང་ཁང་སོགས་གཉེར་སྐྱོང་བྱ་ཡུལ་དང་ལྗོངས་ཁུལ་དུ་ཆེད་དོན་ཞིབ་བཤེར་བྱས་ནས་གཉེར་སྐྱོང་ཚན་པས་ཐོན་སྐྱེད་ཉེན་མེད་ཀྱི་བྱ་ཐབས་ཁག་དོན་འཁྱོལ་བྱེད་པར་བསྐུལ་ནས་གུང་སེང་རིང་རྫོང་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁྲོམ་ར་ཉེན་མེད་གོ་རིམ་ལྡན་པ་ཡོང་བར་འགན་ལེན་བྱས་ཡོད།

ཞིབ་བཤེར་བྱེད་རིང་།ཁྲིམས་འཛིན་མི་སྣས་བཟའ་བཅའ་དང་སྨན་རྫས་གཉེར་སྐྱོང་དུད་ཚང་དག་གིས་གཙོ་འགན་དོན་འཁྱོལ་བྱས་ནས་བཟའ་བཅའ་དང་སྨན་རྫས་ཉེད་མེད་ལས་འཛོལ་ཐོན་རྒྱུར་ནན་འགོག་བྱ་དགོས་པའི་བླང་བྱ་བཏོན་ཏེ། ལྗོངས་ཁུལ་ཁག་དང་།ཉེ་འཁོར་གྱི་རླངས་འཁོར་འཇོག་ས།མགྲོན་ཁང་།གཉེར་སྐྱོང་དུད་ཁྱིམ།ཞིང་ལས་ཉོ་ཚོང་ཁྲོམ་ར་སོགས་ལ་རིན་གོང་གསལ་པོ་བཀོད་ནས་ཟོག་གོང་ཧམ་སྤར་དང་རིན་གོང་ཁ་བསླུས་རྒྱག་པ་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱ་དགོས་པ་བྱས། ཐེངས་འདིའི་ཞིབ་བཤེར་ནང་ཁྱོན་ཁྲིམས་འཛིན་མི་སྣ3བཏང་བ་དང་།ཁྲོམ་རའི་གཙོ་གཟུགས་ཚོང་ཁང15ལ་ཞིབ་བཤེར་བྱས་ཤིང་།ཡུལ་དངོས་སུ་ཚོང་ཁང2ལ་ཆད་པ་བཅད་ཡོད།

     རྫོང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱི་ལས་དོན་མི་སྣས་བཤད་རྒྱུར།ཕྱིན་ཆད་སྡེ་དགེ་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་ཐོག་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ།ཉེན་ཁའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ནན་ཏན་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་གཏང་རྒྱུ་དང་།དུས་མཉམ་དུ་འཕྲལ་སྡོམ་ལས་རེས་ལ་ཤུགས་བརྒྱབ་ནས་དུས་ཆེན་རིང་ཁྲོམ་ར་ཉེན་མེད་ཡོང་བར་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཉོ་དུས་བློ་བདེ་བ་དང་།ཟ་དུས་སེམས་བདེ་བ།རོལ་དུས་བློ་སྐྱིད་པ་བཅས་ཡོང་བར་འགན་ལེན་བྱས་པ་རེད།།

  འཇམ་དབྱངས་དབང་མོས་བྲིས་ཤིང་པར་བླངས།


  • ལེ་ཚན་སྔོན་མ།:རང་ཁུལ་ཡུལ་སྐོར་ལྗོངས་ཁུལ་དུ་མི་གཡང་འཁོར།། རིག་རྩལ་བྱེད་སྒོ་སྣ་ཚོགས་ཀྱིས་ཡིད་དབང་འཕྲོག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།