བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གིས་སྐྱེ་ཁམས་དར་རྒྱས་ལ་སྐུལ་འདེད་བཏང་ནས་མཛེས་ལྡན་གྲོང་གསེབ་བཏོད་པ།

    མི་དམངས་ཉིན་རེའི་ཚགས་པར།    2023-05-09

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་ལས་དོན་པས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལ་གཞི་བཙུགས་ཐོག་གྲོང་གསེབ་ཀྱི་ལྗང་མདོག་འཕེལ་རྒྱས་ལམ་བུར་བསྐྱོད་དེ། ལྗང་མདོག་སྐྱེ་ཁམས་ཀྱི་རིན་ཐང་སྐུལ་སློང་དང་གྲོང་གསེབ་ཀྱི་ལྗང་མདོག་སྲུང་ཡོལ་བསྐྲུན་པ་བརྒྱུད་སྐྱེ་ཁམས་དང་འབྲེལ་བའི་ལས་དོན་མང་པོ་བསྒྲུབས་ནས། མཛེས་སྡུག་ལྡན་པའི་གྲོང་གསེབ་བཏོད་པ་རེད།

རི་བོ་ཆེ་རྫོང་བེའུ་མདའ་ཤང་བེའུ་མདའ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་ལས་དོན་པས་ས་ཁམས་ཀྱི་ལེགས་ཆ་སྤྱད་ཐོག“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་ལེན་ཧུར་ཐག་བྱས་ནས་པད་ཁ་འདེབས་འཛུགས་དང་སྦྲང་ནོར་བུ་གསོ་ཚགས་སོགས་ཀྱི་རྣམ་གྲངས་བཏོད་པས། མང་ཚོགས་དུད་ཚང་69ལ་ཆ་སྙོམས་འབབ་འཕར་སྒོར་1000ལྷག་ཙམ་བྱུང་བ་རེད།

བྲག་གཡབ་རྫོང་གི་གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་ལས་དོན་པ་138ཀྱིས་ནགས་བཟོ་སྔོ་འགྱུར་ལས་གྲྭར་རམ་འདེགས་ཧུར་ཐག་བྱས་ཐོག་2022ལོའི་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་རང་འགུལ་ངང་ཞུགས་ཏེ་ལྕང་མ་དང་སྦྱར་པ་སོགས་སྡོང་རྐང་ཁྲི་2.1ལྷག་འཛུགས་རོགས་བྱས་པ་མ་ཟད། ད་དུང་ཀུ་ཤུའི་སྡོང་པོ་དང་། སྟར་སྡོང་། ཁམ་སྡོང་སོགས་དཔལ་འབྱོར་ནགས་ཤིང་རྐང་ཁྲི་1.16བཙུགས་པ་རེད།

དཔལ་འབར་རྫོང་རྡོ་དབར་ཤང་རྐོ་ལོང་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་ལས་དོན་པས“གསང་སྤྱོད་གསར་བརྗེ”དེ་གྲོང་གསེབ་ཀྱི་སྐྱེ་ཁམས་དར་རྒྱས་དང་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཐོག་ཚད་གཞི་དང་བླང་བྱ་ནན་པོར་གཞིགས་ནས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་བཟོ་བའི་ཞན་ཆ་ཧུར་ཐག་བསལ་བ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་གསང་སྤྱོད་38ཀྱི་སྒྱུར་བཀོད་ལས་དོན་ལེགས་སྒྲུབ་བྱས་པ་རེད།


  • ལེ་ཚན་སྔོན་མ།:ཆབ་མདོ་ནས་བང་སོ7རྙེད་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།