གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་མཐོ་རུ་བཏང་བ།

    བོད་ལྗོངས་འཕྲིན་དྲ།    2017-05-03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཇང་སྔོན་ཤང་ཇང་སྔོན་གྲོང་ཚོར་བཅའ་སྡོད་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་ལས་དོན་རུ་ཁག་གིས།  རྫོང་དེའི་ཁྲིམས་འཛིན་ཅུད་ལ་གཞོགས་འདེགས་བྱས་ནས་དཔེ་མཚོན་གྱོད་གཞིའི་ཐོག་ནས་ཁྲིམས་ལུགས་སྦྱོང་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་སྐབས་དཔེ་མཚོན་གྱོད་གཞི་ཞིབ་ཕྲ་དང་འབྲེལ་ནས་རྩ་ཁྲིམས་དང༌།  གཉེན་སྒྲིག་བཅའ་ཁྲིམས།  ཉེས་ཁྲིམས་སོགས་འབྲེལ་ཡོད་ཁྲིམས་ལུགས་ཤེས་བྱའི་སྐོར་སྒྲོག་འགྲེལ་བྱས་པ་མ་ཟད།  འབྲེལ་ཡོད་དཔེ་མཚོན་གྱོད་གཞིར་གསལ་བཤད་ཞིབ་ཕྲ་བྱས་པ་དང་ཆབས་ཅིག  མང་ཚོགས300ཙམ་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོར་ཞུགས་སུ་བཅུག་པ་དང༌།  དྲིལ་བསྒྲགས་ཡིག་ཆ1000ཙམ་སྤྲད་པ་མ་ཟད།  གྲོང་ཚོ་ཨུ་ཡོན་ལྷན་ཁང་དུ་ཁྲིམས་ལུགས་བློ་འདྲིའི་དྲིལ་བསྒྲགས་ས་ཚིགས་བཙུགས་ནས་མང་ཚོགས་ལ་ཁྲིམས་ལུགས་བློ་འདྲིའི་ཞབས་ཞུ་ཡང་བསྒྲུབ་པ་རེད།   །

  • ལེ་ཚན་སྔོན་མ།:བོད་ལྗོངས་སྨར་ཁམས་ནས་སྤུར་རྒྱལ་དུས་ཀྱི་རྡོ་བརྐོས་རྙེད་པའི་གཏན་འཁེལ་བྱས་པ།
  • ལེ་ཚན་རྗེས་མ།:ཆབ་མདོའི་མང་ཚོགས་ཀྱིས་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱས་ཡོད།
  • དོ་སྣང་ཆེ་བའི་རྩོམ།