ལྷོ་ཁའི་བོད་ལུགས་གསོ་རིག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་རྩེ་ཐང་གྲོལ་རྡལ་ནས་བསྡུས།

    ཀྲུང་གོ་བོད་ཀྱི་དྲ་བ།    2015-11-06

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས31ཉིན་ནས་ཟླ11པའི་ཚེས1ཉིན། “རྒྱུད་འཛིན་དང་གསར་གཏོད”ཅེས་པ་བརྗོད་བྱར་བྱས་པའི་སྐབས་བཞི་བའི་ལྷོ་ཁའི་བོད་ལུགས་གསོ་རིག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་རྩེ་ཐང་གྲོལ་རྡལ་ནས་བསྡུས།

རྒྱུས་ལོན་བྱུང་བ་ལྟར་ན། ལྷོ་ཁ་ས་ཁུལ་དུ་ལྷོ་ཁའི་བོད་སྨན་ཁང་གཙོ་བྱས་ཏེ། ས་ཁུལ་ཡོངས་ཀྱི་རྫོང12དང་། གྲོང་རྡལ83། ཞིང་སྡེ་རིམ་པའི་འཕྲོད་བསྟེན་ཁང500ལྷག་ཡོད་པའི་ས་ཁུལ་དང་། རྫོང་། ཤང་། ཞིང་སྡེ་བཅས་རིམ་པ་བཞི་ཡི་བོད་སྨན་ཞབས་ཞུ་མ་ལག་ཡོངས་སུ་ཁེབས་ཡོད་ཅིང་། ལྷོ་ཁའི་བོད་སྨན་ཁང་དེ2012ལོར་ལྗོངས་ཡོངས་ནས་ཐོག་དང་པོར“གྲོས་རིམ་གསུམ་པའི་རིགས་ཁ་ཅན”གྱི་མི་རིགས་སྨན་ཁང་བཙུགས་པ་ཡིན་ལ། སྨན་ཁང་གིས་སྔ་གཞུག་ཏུ་རྒྱལ་ཡོངས་རང་བཞིན་གྱི་བོད་རིགས་གསོ་རིག་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་བསྡུས་པར། བོད་ལུགས་གསོ་རིགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་མང་པོའི་ཁས་ལེན་ཐོབ་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:ཆབ་མདོའི་ནགས་ཚལ་ཐོན་ཁུངས་མུའུ་ཁྲི6664ལྷག་ལ་ལོ་ཡུན་རིང་གི་དོམ་དམ་དང་སྲུང་སྐྱོང་ཐོབ་ཡོད།
  • ལེ་ཚན་རྗེས་མ།:ཆབ་མདོ་གྲོང་ཁྱེར་གྱི་མི་ཁྲི70ཡིས་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་དང་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།