ཤའོ་ཡིའུ་ཚའེ་ཡིས་ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་སོགས་རྣམ་གྲངས་ལ་བརྟག་ཞིབ་གནང་བ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2023-05-09

ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་ཡིས། ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་རྣམ་གྲངས་དང་ལྷ་ས་གྲོང་ཁྱེར་གྱི་འཆར་འགོད་ཉིང་ལག་ལམ(ནུབ་འདབས་ཆུ་བཟོ་གྲྭའི་ཤར་ངོས་དང་ཁ་བཏགས་སྐྱིད་ཆུའི་མེ་ཏོག་ལྡུམ་རའི་ནུབ་ངོས)གྱི་གྲོང་དོན་ལས་གྲྭའི་ཨར་ལས་རྣམ་གྲངས་འཛུགས་སྐྲུན་གྱི་འབྲེལ་ཡོད་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་རྣམ་གྲངས་དེ་དག་གི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུ་ནན་ཏན་ངང་གསན་རྗེས། འགྲོ་ལམ་འཆར་འགོད་འཛུགས་སྐྲུན་དང་ལྷ་ས་གྲོང་ཁྱེར་གྱི་བྱེད་ནུས་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། འགྲོ་ལམ་ལམ་རྒྱུད་ཀྱི་སྔོ་འགྱུར་མཛེས་བཟོ་དང་ལམ་ཁོངས་ཀྱི་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་འགྲོ་ལམ་རྒྱུད་ཀྱི་གྲོང་མིའི་འགྲོ་སྐྱོད་དགོས་མཁོ་ཡག་པོ་སྐོང་དགོས་ཞེས་བསྟན་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་དྲོ་སྐྱིད་ལྡན་པ་དང་། མཛེས་པ། སྤྱོད་སྒོ་ཆེ་བ། བབ་ཆགས་པ། བློ་རྒྱ་ཆེ་བ་བཅས་ཀྱི་འཛུགས་སྐྲུན་འདུ་ཤེས་བཙུགས་ཏེ་ཆུང་སར་དམིགས་པ་དང་། ཞིབ་ཚགས་ས་ནས་འགོ་འཛུགས་པ། མཛེས་བཟོའི་ཇུས་གཞི་ལེགས་པར་འགོད་པ། འཕེལ་རིམ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་དྲོ་སྐྱིད་ལྡན་ལ་བབ་ཆགས་པའི་སྡོད་སའི་ཁོར་ཡུག་ཡག་པོ་ཞིག་མཁོ་འདོན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྔོན་གཏན་འཁེལ་བའི་དམིགས་ཚད་ལས་འགན་དང་དུས་བཀག་ལྟར། ཨར་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཨར་ལས་སྒྲིག་འཛུགས་བྱེད་སྟངས་ལེགས་སུ་གཏོང་བ། ཚན་རིག་དང་མཐུན་པར་ལས་ཡུན་བཀོད་སྒྲིག་བྱེད་པ། ལས་གྲྭའི་སྤེལ་རིམ་མགྱོགས་སུ་གཏོང་བ། ལས་ཤག་དང་ལེ་ལག་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཚད་གཞི་དང་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བཅས་བྱས་ཏེ། དུས་བཀག་ལྟར་བེད་སྤྱོད་བྱེད་པར་རྩིས་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་བར་མཉམ་ལས་སྤེལ་ནས་ལོ50འཁོར་བར་དྲན་གསོ་ཞུ་བ་དང་དྲིལ་བསྒྲགས་གཟའ་འཁོར་གྱི་རང་སའི་བྱེད་སྒོར་རྟེན་འབྲེལ་
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།