རང་རྒྱལ་གྱི་མྱུར་ཚད་འབྲིང་བ་དང་འགོར་བའི་འཕྱོ་སྐྱོད་ཕུག་ལམ་དང་པོ་ཏལ་འབིགས་ཐུབ་པ།

    བོད་ལྗོངས་ཉིན་རེའི་ཚགས་པར།    2023-05-09

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་6ཉིན་ཁྲང་ཧྲ་ཧོང་ཧྭ་གནམ་ཐང་སྒྱུར་བཀོད་རྒྱས་སྐྲུན་ལས་གྲྭའི་T3གནམ་ཐང་འབབ་ཚུགས་ཀྱི་ས་འོག་སྨི་27གྱི་སར“འཕྱོ་སྐྱོད་ཨང་གཉིས་པ”རྟགས་ཅན་གྱི་རྒྱལ་ཐོན་འབིགས་འཕྲུལ་བདེ་འཇགས་ངང་བཤིག་ནས་ཕྱིར་བཏོན་པ་དེ་ལས་རང་རྒྱལ་གྱིས་མྱུར་ཚད་འབྲིང་བ་དང་འགོར་བའི་འཕྱོ་སྐྱོད་ཕུག་ལམ་དང་པོ་བདེ་བླག་ངང་ཏལ་འབིགས་ཐུབ་པ་མཚོན་ཡོད།

སྐྲུན་འགན་འཁུར་མཁན་ཚན་པ་ཀྲུང་གོ་ལྕགས་ལམ་ཅུས་བཅུ་བཞི་པའི་རྣམ་གྲངས་འགན་འཁུར་བ་དབྱང་ལིང་ཧང་གིས་འཕྱོ་སྐྱོད་ཕུག་ལམ་དེ་ནི་ཁྲང་ཧྲ་གྲོང་ཁྱེར་ལྕགས་ལམ་འགྲིམ་འགྲུལ་ཚོགས་པས་སྐྲུན་པ་དང་ཀྲུང་གོ་ལྕགས་ལམ་ཅུས་བཅུ་བཞི་པས་ཨར་སྐྲུན་བྱས་པ་ཞིག་ཡིན་པ་དང་དེ་ནི་ཁྲང་ཧྲ་ཡི་འཕྱོ་སྐྱོད་ཕུག་ལམ་ཤར་བསྲིང་ལམ་ཐིག་ཁྲང་ཧྲ་ཡི་ཧོང་ཧྭ་གནམ་ཐང་གི་T3གནམ་ཐང་བབས་ཚུགས་དང་འབྲེལ་མཐུད་བྱེད་པའི་ཕུག་ལམ་ཡིན་པ་དང་ལམ་ཐིག་ཧྲིལ་པོར་སྤྱི་ལེ་2.85ཡོད་པ་རེད།


  • ལེ་ཚན་སྔོན་མ།:ཤའོ་ཡིའུ་ཚའེ་ཡིས་ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་སོགས་རྣམ་གྲངས་ལ་བརྟག་ཞིབ་གནང་བ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་ཐད་བྱུང་ནུས་རྒྱུས་གློག་འདོན་ཚད་ཐོག་མར་50%ལས་བརྒལ་བ།
  • དོ་སྣང་ཆེ་བའི་རྩོམ།