རང་རྒྱལ་གྱི་ཐད་བྱུང་ནུས་རྒྱུས་གློག་འདོན་ཚད་ཐོག་མར་50%ལས་བརྒལ་བ།

    བོད་ལྗོངས་ཉིན་རེའི་ཚགས་པར།    2023-05-09

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི《2023ལོའི་དུས་ཚིགས་དང་པོའི་རྒྱལ་ཡོངས་ཀྱི་གློག་ཤུགས་མཁོ་སྤྲོད་དུས་བབ་དབྱེ་ཞིབ་ཀྱི་སྔོན་དཔག་སྙན་ཞུ》(གཤམ་དུ《སྙན་ཞུ》ཞེས་བསྡུ་རྒྱུ)ལས་མངོན་པར། ཟླ་གསུམ་པའི་ཟླ་མཇུག་བར་རང་རྒྱལ་གྱི་ཐད་བྱུང་ནུས་རྒྱུས་གློག་འདོན་ཚད་དེ་གློག་འདོན་བསྡོམས་འབོར་གྱི་50.5%བཟུང་ནས་ཐོག་མར་50%ལས་བརྒལ་ཡོད། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གློག་འདོན་ཁེ་ལས་གཙོ་བོའི་གློག་ཁུངས་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་1264བཏང་བ་དེ་དུས་མཚུངས་ལས་55.2%འཕར་བ། དེའི་ནང་ཐད་བྱུང་ནུས་རྒྱུའི་གློག་གཏོང་ལ་སྒོར་དུང་ཕྱུར་1140བཏང་བ་དེ་དུས་མཚུངས་ལས་62.8%འཕར་བ་དེས་གློག་ཁུངས་མ་འཇོག་གི་90.2%བཟུང་ཡོད།

གློག་གཏོང་ཚད་ལ་བལྟས་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་གློག་ཁང་གི་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་ཁྲི་2.07ཟིན་པ་དེ་དུས་མཚུངས་ལས་2.4%འཕར་བའི་ནང་གཞི་ཁྱོན་ཡན་གྱི་གློག་ཁང་གི་ཆུ་ཤུགས་གློག་གཏོང་ཚད་དེ་དུས་མཚུངས་ལས་8.3%ཆག་པ་དང་། ཆུ་མཛོད་གཙོ་བོའི་ཆུ་གསོག་མི་འདང་བ་དང་དེ་བཞིན་འདི་ལོ་ཚུན་དུ་ཆར་ཆུ་བབས་ཚད་རྒྱུན་མཐུད་ངང་ཉུང་དུ་ཕྱིན་པའི་ཁར་ལོ་གོང་མའི་དུས་མཚུངས་ཀྱི་གཞི་གྲངས་མཐོ་བ་སོགས་ཀྱི་རྒྱུ་རྐྱེན་འདུས་ཡོད་པས་དེ་དག་ནི་ཆུ་ཤུགས་གློག་གཏོང་ཚད་དུས་མཚུངས་ལས་ཆག་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། 《སྙན་ཞུའི》ནང་མངོན་པར། དུས་ཚིགས་དང་པོར་རྡོ་སོལ་གློག་གཏོང་ཚད་ཀྱིས་ཁྱབ་ཁྱོན་ཡོངས་ཀྱི་གློག་གཏོང་ཚད་ཀྱི་བསྡུར་ཚད་ཀྱི་བཅུ་ཆ་དྲུག་རྒྱུན་འཁྱོངས་ཐུབ་ནས་སྔར་བཞིན་དེང་སྐབས་རང་རྒྱལ་གྱི་གློག་ཤུགས་མཁོ་འདོན་གྱི་གློག་ཁུངས་གཙོ་བོ་དེ་ཡིན་པས་ཐ་སྐྱོང་མཁོ་སྤྲོད་འགན་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད།

《སྙན་ཞུའི》ནང་སྔོན་དཔག་བྱས་པར་གཞིགས་ན། འདི་ལོ་རྒྱལ་དམངས་དཔལ་འབྱོར་ཁེ་ལས་བརྟན་པོའི་ངང་བསྐྱར་འཕར་བྱུང་བ་དེས་གློག་ཤུགས་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་འགྲོ་རྒྱུར་སྐུལ་མ་ཐེབས་རྒྱུ་ཡིན་ཞིང་། ལོ་གོང་མའི་དུས་མཚུངས་ཀྱི་གཞི་གྲངས་དམའ་བ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་ནས་སྔོན་དཔག་བྱས་ན་དུས་ཚིགས་གཉིས་པར་གློག་ཤུགས་འཛད་སྤྱོད་འཕར་ཚད་མངོན་གསལ་དོད་པོས་འཕར་རྒྱུ་དང་ལོ་སྟོད་དུ་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་6%ཙམ་འཕར་རྒྱུ་རེད། གློག་ཤུགས་མཁོ་འདོན་ཐད་ནུས་རྒྱུ་གསར་པའི་གློག་གཏོང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་སྐུལ་ཁྲིད་འོག་འདི་ལོར་གསར་དུ་འཕར་བའི་གློག་གཏོང་གཞི་ཁྱོན་ཆན་ཝ་དུང་ཕྱུར་2.5ཟིན་པའམ་ཡང་ན་དེ་ལས་བརྒལ་རྒྱུ་ཡིན་པའི་ནང་ཐད་བྱུང་ནུས་རྒྱུའི་གློག་འདོན་ཚད་ཆན་ཝ་དུང་ཕྱུར་1.8ཟིན་པ་དང་། ཐོན་སྐྱེད་བྱེད་འགོ་ཚུགས་པའི་སྤྱིའི་གློག་འདོན་གཞི་ཁྱོན་དང་དེ་བཞིན་ཐད་བྱུང་ནུས་རྒྱུའི་གློག་འདོན་གཞི་ཁྱོན་གྱིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུ་རེད།

ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གློག་ཤུགས་མཁོ་འདོན་དང་དགོས་མཁོའི་ཕྱོགས་མང་པོའི་རྒྱུ་རྐྱེན་མཉམ་དུ་འདྲེས་ནས་གློག་ཤུགས་མཁོ་སྤྲོད་ཀྱི་དུས་བབ་ལ་གཏན་འཁེལ་མེད་པའི་རང་བཞིན་བཟོས་ཡོད། ཆར་ཆུ་དང་། རླུང་འོད་ཐོན་ཁུངས། བུད་རྫས་མཁོ་འདོན་སོགས་ལ་ངེས་གཏན་མེད་པའི་རང་བཞིན་ཡོད་ཅིང་། གནམ་གཤིས་སྡེ་ཚན་གྱིས་སྔོན་དཔག་བྱས་པར་གཞིགས་ན། འདི་ལོའི་དབྱར་དུས་སུ་ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་དེ་བཞིན་ཧྭ་དབུས་ཀྱི་དབུས་རྒྱུད་དུ་ཆར་པ་བབས་ཚད་ཅུང་ཉུང་བ་དང་དྲོད་ཚད་མཐོ་ཙམ་ཡོད་པས་ཧུའུ་པེའི་ས་ཆ་མང་ཆེ་བ་དང་། ཧུའུ་ནན་བྱང་རྒྱུད། ཁྲུང་ཆིང་ཤར་རྒྱུད། སི་ཁྲོན་བྱང་ཤར་རྒྱུད་སོགས་སུ་ཆར་ཆུ་བབས་ཚད་བཅུ་ཆ་གཉིས་ནས་ལྔ་བར་ཉུང་དུ་ཕྱིན་ཏེ་ས་ཁོངས་རང་བཞིན་གྱི་གནམ་གཤིས་སྐམ་ཤས་ཆེ་བས་ས་གནས་དེ་གའི་གློག་ཤུགས་མཁོ་འདོན་དང་དེ་བཞིན་གློག་ཤུགས་ཕྱིར་གཏོང་ལ་ཤུགས་རྐྱེན་ཐེབས་སྲིད་པ་དང་། རྡོ་སོལ་གློག་གི་ཁེ་ལས་ལ་གྱོང་གུན་ཕོག་ནས་ལག་རྩལ་སྒྱུར་བཅོས་དང་ཞིབ་བཤེར་བཟོ་བཅོས་ཐད་མ་དངུལ་གཏོང་ཚད་མི་འདང་བས་གློག་ཤུགས་ཐོན་སྐྱེད་མཁོ་འདོན་གྱི་གཏན་འཁེལ་མེད་པའི་རང་བཞིན་ཆེ་རུ་ཕྱིན་ཡོད་པ་རེད།

《སྙན་ཞུའི》ནང་སྔོན་དཔག་བྱས་པར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱི་གློག་ཤུགས་མཁོ་སྤྲོད་སྤྱིའི་ཆ་ནས་དོ་སྙོམས་ཡོང་རྒྱུ་དང་ས་ཁོངས་ཁག་གཅིག་གི་གློག་སྤྱོད་ཤུགས་ཆེ་བའི་དུས་སུ་གློག་ཤུགས་མཁོ་སྤྲོད་ཅུང་ཛ་དྲག་ཏུ་འགྲོ་རྒྱུ་རེད། དེའི་ནང་དུས་ཚིགས་གཉིས་པར་ལྷོ་ཕྱོགས་ས་ཁོངས་ཀྱི་གློག་ཤུགས་མཁོ་འདོན་གྱི་དུས་བབ་ཅུང་ཛ་དྲག་པོ་ཡོད་པ་རེད། གློག་སྤྱོད་ཤུགས་ཆེ་བའི་དབྱར་དུས་སུ་ཧྭ་ཤར་དང་། ཧྭ་དབུས། ལྷོ་ཕྱོགས་བཅས་ས་ཁོངས་ཀྱི་གློག་ཤུགས་མཁོ་འདོན་གྱི་དུས་བབ་ཅུང་ཛ་དྲག་པོ་ཡོད་པ་དང་། ཧྭ་བྱང་


  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་མྱུར་ཚད་འབྲིང་བ་དང་འགོར་བའི་འཕྱོ་སྐྱོད་ཕུག་ལམ་དང་པོ་ཏལ་འབིགས་ཐུབ་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།