ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་གཙོ་སྐྱོང་གནང་རྒྱུ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་།    2023-05-11

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཁྱབ་བསྒྲགས་བྱས་པར། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཟླ་5ཚེས་18ཉིན་དང་19ཉིན་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་འཚོག་རྒྱུ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་གཙོ་སྐྱོང་གནང་རྒྱུ་ཡིན་ཞིང་། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཕུའུ་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཕུའུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་། ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏུའོ་ཕུའུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཕུའུ་བཅས་གདན་ཞུས་ལྟར་ཚོགས་འདུར་ཞུགས་རྒྱུ་རེད།

  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་ཐད་བྱུང་ནུས་རྒྱུས་གློག་འདོན་ཚད་ཐོག་མར་50%ལས་བརྒལ་བ།
  • ལེ་ཚན་རྗེས་མ།:གནམ་གྲུའི་ནང་དུ་ཡང་ཁ་པར་5Gབཀོལ་ཐུབ་བམ།
  • དོ་སྣང་ཆེ་བའི་རྩོམ།