སྡེ་དགེ་རྫོང་གིས་ལྔ་གཅིག་དུས་ཆེན་རིང་རིག་གནས་ཡུལ་སྐོར་ཁྲོམ་ར་ཉེན་མེད་ཡོང་བར་ཞིབ་བཤེར་བྱས།

འཇམ་དབྱངས་དབང་མོས་བྲིས།        2023-05-10

“ལྔ་གཅིག”གུང་སེང་རིང་རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་བརྟན་ཞིང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པ་བྱས་ནས་རྒྱ་ཆེའི་ཡུལ་སྐོར་བར་སྐྱིད་སྣང་དོད་པའི་ཡུལ་སྐོར་བྱ་ཡུལ་ཞིག་སྐྲུན་པའི་ཆེད། ཉེ་ཆར། སྡེ་དགེ་རྫོང་གིས་སྡེ་ཚན་མང་པོ་བསྡུས་ཏེ“ལྔ་གཅིག”གུང་སེང་རིང་རིག་གནས་ཡུལ་སྐོར་ཁྲོམ་ར་ཉེན་མེད་ཡོང་བར་ཞིབ་བཤེར་བྱ་འགུལ་སྤེལ་ཡོད།

བྱ་འགུལ་སྤེལ་རིང་། ཁྲིམས་འཛིན་མི་སྣས་འབྲེལ་ཡོད་རྩིས་ཁྲ་ལ་ལྟ་བ་དང་།ཡུལ་དངོས་སུ་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་བཟའ་བཏུང་ཁང་དང་མགྲོན་ཁང་།སིལ་ཚོང་ཁང་། སྨན་ཁང་།མཛེས་བཟོ་བྱུག་རྫས་ཁང་།སྒོ་རྩིས་ཚོང་ཁང་སོགས་ཚོང་གཉེར་བྱ་ཡུལ་དང་ལྗོངས་ཁུལ་དུ་ཆེད་དོན་ཞིབ་བཤེར་བྱས་ནས་ཚོང་གཉེར་ཚན་པས་ཐོན་སྐྱེད་ཉེན་མེད་ཀྱི་བྱ་ཐབས་ཁག་དོན་འཁྱོལ་བྱེད་པར་བསྐུལ་ནས་གུང་སེང་རིང་རྫོང་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁྲོམ་ར་ཉེན་མེད་གོ་རིམ་ལྡན་པ་ཡོང་བར་འགན་ལེན་བྱས་ཡོད།

ཞིབ་བཤེར་བྱེད་རིང་། ཁྲིམས་འཛིན་མི་སྣས་བཟའ་བཅའ་དང་སྨན་རྫས་ཚོང་གཉེར་དུད་ཚང་རྣམས་ལ་གཙོ་འགན་དོན་ཐོག་འཁྱོལ་ནས་བཟའ་བཅའ་དང་སྨན་རྫས་ཐད་ལས་འཛོལ་ཡོང་བར་ནན་འགོག་བྱ་དགོས་པའི་བླང་བྱ་བཏོན་ཏེ། ལྗོངས་ཁུལ་ཁག་དང་།ཉེ་འཁོར་གྱི་རླངས་འཁོར་འཇོག་ས། མགྲོན་ཁང་། ཚོང་གཉེར་དུད་ཁྱིམ། ཞིང་ལས་ཉོ་ཚོང་ཁྲོམ་ར་སོགས་ལ་རིན་གོང་གསལ་པོར་བཀོད་ནས་ཟོག་གོང་ཧམ་སྤར་དང་རིན་གོང་ཁ་བསླུས་རྒྱག་པ་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱ་དགོས་པར་བསྐུལ། ཐེངས་འདིའི་ཞིབ་བཤེར་ནང་ཁྱོན་ཁྲིམས་འཛིན་མི་སྣ3བཏང་བ་དང་། ཁྲོམ་རའི་བྱེད་པོ་ཚོང་ཁང15ལ་ཞིབ་བཤེར་བྱས་ཤིང་། ཡུལ་དངོས་སུ་ཚོང་ཁང2ལ་ཆད་པ་བཅད་ཡོད།

རྫོང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱི་ལས་དོན་མི་སྣས་ཕྱིན་ཆད་སྡེ་དགེ་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་ཐོག་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཉེན་ཁའི་མི་མངོན་པའི་རྐྱེན་ངན་ཚགས་བཤེར་ནན་ཏན་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་གཏང་རྒྱུ་དང་། དུས་མཉམ་དུ་འཚུབ་བསྟུན་ལས་རེས་ལ་ཤུགས་བརྒྱབ་ནས་དུས་ཆེན་རིང་ཁྲོམ་ར་ཉེན་མེད་ཡོང་བར་འགན་ལེན་གང་ལེགས་བྱས་ཏེ་རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་ཉོ་དུས་བློ་བདེ་བ་དང་།ཟ་དུས་སེམས་བདེ་བ།རོལ་དུས་བློ་སྐྱིད་པ་ཡོང་བར་འགན་ལེན་བྱས་པ་རེད།།



  • ལེ་ཚན་སྔོན་མ།:“ལྔ་གཅིག”གུང་གསེང་རིང་དཀར་མཛེས་རྫོང་གི་གནའ་རྫས་ཁྲོམ་རར་ཡུལ་སྐོར་བའི་འཚང་ཁ་ཧ་ཅང་ཆེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།