ཟླ་5ཚེས་15ཉིན་ནས་བཟུང་འགག་སྒོའི་མྱུར་སྒྲོལ་ལས་སྒོ་ཕྱོགས་ཡོངས་ནས་སླར་གསོ་བྱས་པ།

མི་དམངས་ཉིན་རེའི་ཚགས་པར།        2023-05-17

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། 2023ལོའི་ཟླ་5ཚེས་15ཉིན་ནས་བཟུང་འགག་སྒོ་ནས་མགྱོགས་མྱུར་སྒྲོལ་བ་ཕྱོགས་ཡོངས་ནས་སླར་གསོ་བྱེད་པ་སོགས་རྒྱལ་མཚམས་འཛུལ་སྒྲོལ་གྱི་དོ་དམ་སྲིད་ཇུས་ལེགས་སྒྲིག་ལེགས་གཏོང་གི་བྱ་ཐབས་ལག་བསྟར་བྱས་ཏེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་རྒྱལ་མཚམས་འཛུལ་སྒྲོལ་མི་སྣ་འགྲོ་འོང་སྔར་བས་འགན་ལེན་དང་སྟབས་བདེ་ཡོང་བ་བྱས་ནས་ཕྱི་ཕྱོགས་སྒོ་དབྱེའི་ཞབས་ཞུར་སྐུལ་འདེད་གཏོང་རྒྱུ་རེད།

འགག་སྒོ་ནས་མགྱོགས་མྱུར་སྒྲོལ་རྒྱུ་ཕྱོགས་ཡོངས་ནས་སླར་གསོ་བྱ་རྒྱུ་ཡིན་ཞིང་། ཟླ་1ཚེས་8ཉིན་ཁྱིམ་མཚེས་ཤང་ཀང་དང་ཨའོ་མོན་གྱི་འགག་སྒོའི་མཐའ་མཚམས་ཞིབ་བཤེར་མགྱོགས་མྱུར་འགག་སྒྲོལ་སླར་གསོ་བྱས་པའི་རྨང་གཞིའི་ཐོག་རིམས་ནད་མ་ཐོན་གོང་གི་བྱེད་སྟངས་དང་ཚད་གཞིའི་བླང་བྱ་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྒྲོལ་ལམ་ཡིག་དཀྱུས་མ་དང་། ཤང་ཀང་དང་ཨའོ་མོན་དུ་འགྲོ་འོང་ལག་ཁྱེར། ཐའེ་དབན་དུ་འགྲོ་འོང་ལག་ཁྱེར། ཤང་ཀང་དང་ཨའོ་མོན་གྱི་གྲོང་མི་ནང་སར་འགྲོ་འོང་ལག་ཁྱེར། ཐའེ་དབན་གྱི་གྲོང་མི་སྐམ་ས་ཆེ་མོར་འགྲོ་འོང་ལག་ཁྱེར། (ལོ་5རིང་ཕན་གོ་ཆོད་པ) ལོ་གཅིག་ནང་རྒྱལ་མཚམས་ཐེངས་མང་འགྲོ་འོང་ལག་ཁྱེར་བཅས་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་། ཕྱི་རྒྱལ་གྱི་རྒྱལ་སྒྲོལ་ལམ་ཡིག་དང་། ཕྱི་རྒྱལ་བ་ཡུན་སྡོད་ལག་ཁྱེར། ཕྱི་རྒྱལ་གྱི་གློག་རྡུལ་རྒྱལ་སྒྲོལ་ལམ་ཡིག་དང་དེ་བཞིན་ཟླ་6ཡན་སྡོད་ཆོག་པའི་ལག་ཁྱེར་བཅས་ཡོད་པའི་ཕྱི་རྒྱལ་བ། དུས་བཀག་ལྟར་རྒྱལ་སྤྱིའི་དུས་གཏན་གནམ་གྲུའི་ཐོག་ལས་ཀ་བྱེད་མཁན་རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་ལས་སྒྲུབ་མི་སྣ་དང་ཐོངས་མཆན་མི་དགོས་པའམ་ཡང་ན་ལོ་གཅིག་ཡན་གྱི་ལས་སྒོ་གཉེར་ཟིན་པའི(ལོ་གཅིག་ཚུད་པ)ལས་སྒྲུབ་མི་སྣ། ལས་འགན་འཁུར་བའི་ཐོངས་མཆན་ནམ་ཡང་ན་གནས་སྡོད་ལག་ཁྱེར་ཡོད་པའི་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་གནམ་གྲུའི་ཐོག་གི་ལས་སྒྲུབ་མི་སྣ་བཅས་ཀྱིས་མཐའ་མཚམས་ཞིབ་བཤེར་མྱུར་བགྲོད་ལམ་བུ་ནས་སྐྱོད་ཆོག་གི་ཡོད།


  • ལེ་ཚན་སྔོན་མ།:ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་ལོ་13བསྟུད་མར་འཛམ་གླིང་གི་ཨང་དང་པོར་གནས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།