སྡེ་རོང་གི་རྒུན་ཆང་ལ་རྒྱལ་སྤྱིའི་བྱ་དགའ་ཐོབ་འདུག

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-05-16

ཁྲེང་ཏུའུ་གྲོང་ཁྱེར་རྒུན་ཆང་མཐུན་ཚོགས་ཀྱིས་ལྟ་ཞིབ་བྱས་ནས་བཟོ་བ་དང་། སི་ཁྲོན་ཧྲེན་ཁྲོན་ཧུང་རྒུན་ཆང་དམར་པོ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱེད་པའི་ཏུའོ་ཆའོ་ཞེས་པའི་རྒུན་ཆང་དམར་པོར་2023ལོའི་ཟླ་གསུམ་པར་པེར་ལིན་གྱི་རྒུན་འབྲུམ་ཆང་རག་བྱ་དགའ་ཆེན་པོའི་འགྲན་བསྡུར་ནང་གསེར་གྱི་བྱ་དགའ་ཐོབ་པ་དེ་ནི་རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་དུ་གསེར་གྱི་བྱ་དགའ་ཐོབ་པའི་རྒུན་ཆང་གི་ཐོན་རྫས་གཅིག་པུ་དེ་རེད། 2023ལོའི་ཟླ་4པར“ཏུའོ་ཆའོ”2020ལོའི་རྒུན་ཆང་དམར་པོར་ཨེ་ཤ་ཡའི་རྒུན་ཆང་སྤུས་ཚད་འགྲན་བསྡུར་ཆེ་མོ་སྐབས་བཅུ་གསུམ་པའི་དངུལ་གྱི་བྱ་དགའ་ཐོབ་པ་རེད། 

སྡེ་རོང་གི་རྒུན་ཆང་ལ་རྒྱལ་སྤྱིའི་བྱ་དགའ་ཐོབ་འདུག

ཚོང་རར་བཏོན་ནས་ལོ་གཅིག་ཀྱང་མ་སོང་བའི་ཐོན་རྫས་གསར་པ་ཞིག་ཡིན་པའི་ངོས་ནས“ཏུའོ་ཆའོ”རྒུན་ཆང་དམར་པོས་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་ལས་རིགས་འགྲན་བསྡུར་ཆེ་མོའི་གསེར་གྱི་བྱ་དགའ་བླངས་ནས་ཀྲུང་གོ་དང་། སི་ཁྲོན། སྡེ་རོང་བཅས་ལ་མཚན་སྙན་བརྩོན་ལེན་བྱས་ནས། སྡེ་རོང་གི་རི་མཐོའི་རྒུན་འབྲུམ་ཨ་རག་ཐོན་ཁུལ་གྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ནུས་ལྡན་བཏང་ཡོད་པ་རེད།

སྡེ་རོང་གི་རྒུན་ཆང་ལ་རྒྱལ་སྤྱིའི་བྱ་དགའ་ཐོབ་འདུག

 སྡེ་རོང་རྫོང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཡི་ཆེས་ལྷོ་སྣེར་གནས་པའི་རྫོང་ཞིག་ཡིན་པ་དང་། སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་ས་ཁུལ་གསུམ་འབྲེལ་མཚམས་ཀྱི་འབྲི་ཆུའི་འགྲམ་དུ་གནས་ཡོད། ས་བབ་ལྟོས་བཅས་ཀྱིས་དམའ་བས“ཀྲུང་གོའི་ནུབ་རྒྱུད་ཀྱི་ཉི་མའི་ལུང་པ”སོགས་ཀྱི་མཚན་སྙན་ཡོད། སྡེ་རོང་རྫོང་ལ་རྒུན་འབྲུམ་དང་རྒུན་ཆང་ཐོན་ལས་གོང་འཕེལ་གྱི་བཟང་ཆ་ལྡན་ཡོད་པས། དེ་ནི་སི་ཁྲོན་གྱི་རི་མཐོའི་རྒུན་ཆང་ཐོན་ཁུལ་གྱི་གཙོ་བོ་བཞིའི་ཡན་ལག་ཐོན་ཁུལ་ཞིག་ཏུ་གྱུར་ཡོད།

སྡེ་རོང་གི་རྒུན་ཆང་ལ་རྒྱལ་སྤྱིའི་བྱ་དགའ་ཐོབ་འདུག

        སྡེ་རོང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་རོགས་སྐྱོར་འོག ཉེ་བའི་ལོ་ཤས་རིང་། སྡེ་རོང་རྫོང་གི་རྒུན་འབྲུམ་དང་རྒུན་ཆང་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་ཡོད་པ་དང་། ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་དང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་བཅས་ལས་སྡེ་རོང་གི་རྒུན་ཆང་ཐོན་ལས་འཕེལ་རྒྱས་དེ་སི་ཁྲོན་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

སྡེ་རོང་གི་རྒུན་ཆང་ལ་རྒྱལ་སྤྱིའི་བྱ་དགའ་ཐོབ་འདུག

        ངོ་སྤྲོད་བྱས་པར་གཞིགས་ན། སྤུས་ཚད་འགན་ལེན་བྱ་ཆེད། ཏུའོ་ཆའོ་རྒུན་ཆང་དམར་པོ་ཁག་དང་པོའི་ཐོན་ཚད་ཤེལ་དམ་3000ལས་ཟིན་གྱི་མེད་ཅིང་། དེའི་རྒུན་འབྲུམ་ར་བའི་རྒྱ་ཁྱོན་ལ་མུའུ་150ཙམ་ལས་མེད་པ་དང་ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་500ཟིན་གྱི་ཡོད་པ་རེད།  

སྡེ་རོང་གི་རྒུན་ཆང་ལ་རྒྱལ་སྤྱིའི་བྱ་དགའ་ཐོབ་འདུག

  • ལེ་ཚན་སྔོན་མ།:བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་གསར་དུ་རྙེད་འདུག
  • ལེ་ཚན་རྗེས་མ།:ཁ་བསླུས་རྒྱག་སྟངས་འདིར་དོགས་ཟོན་གནང་དགོས།
  • དོ་སྣང་ཆེ་བའི་རྩོམ།