སྤྱི་ཟླ6པར་འདབ་པ་རྫོང་དུ་སྒོར་དབྱིབས་ཉི་མའི་འཕྲོ་གློག་བརྙན་འཆར་རྒྱང་ཤེལ་ཚོད་ལྟའི་ངང་སྤྱོད་འགོ་བཙུགས་ཏེ་ཉི་མའི་འགུལ་སྐྱོད་སྤུས་ཚད་མཐོན་པོས་ཞིབ་དཔྱད་ཚད་ལེན་བྱ་རྒྱུ།

ལྷ་འཛོམས་ཀྱིས་བསྒྱུར་ནས་ཞུས།        2023-05-15

སྤྱི་ཟླ6པར་འདབ་པ་རྫོང་དུ་སྒོར་དབྱིབས་ཉི་མའི་འཕྲོ་གློག་བརྙན་འཆར་རྒྱང་ཤེལ་ཚོད་ལྟའི་ངང་སྤྱོད་འགོ་བཙུགས་ཏེ་ཉི་མའི་འགུལ་སྐྱོད་སྤུས་ཚད་མཐོན་པོས་ཞིབ་དཔྱད་ཚད་ལེན་བྱ་རྒ
འདི་ནི་འདབ་པ་རྫོང་དུ་སྐྲུན་བཞིན་པའི་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ལྷོ་བྱང་དཀྱིལ་ཐིག་ལས་གྲྭའི་དུས་ཐེངས་གཉིས་པའི་སྒྲིག་ཆས་རེད།

སྤྱི་ཟླ5པའི་ཚེས2ཉིན་ལ་གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་བར་ཁོངས་ཚན་རིག་ལྟེ་གནས་ཉི་སྟེན་རྟེན་ས་ཚུགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདབ་པ་རྫོང་དུ་སྐྲུན་བཞིན་པའི་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ལྷོ་བྱང་དཀྱིལ་ཐིག་ལས་གྲྭའི་དུས་ཐེངས་གཉིས་པའི་སྒྲིག་ཆས་མཚོན་བྱེད་ཅན་ཏེ། སྒོར་དབྱིབས་ཉི་མའི་འཕྲོ་གློག་བརྙན་འཆར་རྒྱང་ཤེལ་གྱི་སྤྱི་ཁོག་ན་ནིང་སྤྱི་ཟླ11པར་བསྐྲུན་ཟིན་པ་དང་། ཚངས་ཐིག་སྤྱི་ལེ་གཅིག་ཡིན་པའི་སྒོར་དབྱིབས་ཐོག་གི་གནམ་སྐུད313བསྒྲིགས་ཡོད་པའི་ནང་གནམ་སྐུད270སྒྲིག་སྦྱོར་ཟིན་པ་དང་། སྔོན་དཔག་བྱས་ན་འདི་ལོའི་ཟླ་བ6པར་ཚོད་ལྟའི་ངང་འཁོར་སྐྱོད་བྱ་རྒྱུ་ཡིན་པ་རེད། སྐབས་དེ་དུས་ད་ཆའི་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་དང་ནུས་པ་ཆེ་ཤོས་ལྡན་པའི“གནམ་དཔྱད་ལྷ་ཆས”ཀྱི་རིམ་འདས་རྒྱང་ཤེལ་དང་ཉི་དཔྱད་འཁོར་སྐར་གཉིས་ཀྱིས་གནམ་ས་གཉིས་ཆ་ནས་ཉི་མས“ཧབ་སྦྲིད་རྒྱག་པ”སོགས་ཐོལ་གས་བྱེད་སྒོར་ལྟ་ཞིབ་ཚད་ལེན་བྱས་ནས་རང་རྒྱལ་གྱི་བར་སྣང་གནམ་གཤིས་སྔོན་བརྡར་དེ་བས་གནད་སྨིན་ཡོང་བ་བྱ་རྒྱུ་རེད།

སི་ཁྲོན་ནུབ་རྒྱུད་ཀྱི་མཐོ་སྒང་དུ་རྒྱང་ཤེལ་ས་ཚུགས་འདི་འདྲ་བཙུགས་པ་སྟེར་དབང་ཞིག་གཏན་ནས་མ་ཡིན་ཞིང་། དེ་ནི་འདབ་པ་རྫོང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་ལ་ཚན་ཞིབ་མི་སྣས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ས་གནས་དེ་གའི་ཉིན་མཚན་གནམ་དྭངས་པའི་གྲངས་དང་། རླུང་ཁམས་ཆེན་པོར་བལྟས་པའི་ཉིང་ཚད། གསལ་ཚད་སོགས་འགག་རྩའི་དཔྱད་གྲངས་ཚང་མས་གནམ་རིག་ལྟ་དཔྱད་ཀྱི་དགོས་མཁོ་སྐོང་ཐུབ་པར་མ་ཟད། དེ་ནི་ས་བབ་ཅུང་དམའ་བའི་རྒྱབ་ཕྱོགས་མཁོ་སྒྲུབ་འོས་འདེམས་རྟེན་གཞི་ཡིན་པས། བེད་སྤྱོད་ཆོག་པའི་ཁོད་སྙོམས་རྒྱ་ཁྱོན་རྒྱ་ཆེ་ཞིང་། ཚན་རིག་ཚོགས་པ་ཆེན་པོ་ཆགས་སླ་པོ་ཡོད་ལ། དེས་ཀྱང་གཅིག་སྡུད་བཀོད་སྒྲིག་དང་ས་གནས་ཀྱི་རྒྱབ་སྐྱོར་འཐོབ་པར་རྨང་གཞི་བཞག་ཡོད། གཞན་ཡང་ཉེ་འཁོར་གྱི་དཔལ་འབྱོར་གནས་ཚུལ་དང་། རིག་ཚན་བཀོད་སྒྲིག་བྱས་ཚུལ། རྒྱལ་སྤྱིའི་སྒོ་དབྱེའི་ཚད་གཞི་སོགས་ལ་བལྟས་ན་སི་ཁྲོན་ཞིང་ཆེན་གྱིས་ཚན་རིག་ཆེན་མོའི་སྒྲིག་ཆས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ཐུབ་པ་རེད།

དེས་ན་ཅིའི་ཕྱིར་དཀའ་ལས་ཆེན་པོས་རྒྱང་ཤེལ་ཞིག་བཙུགས་ནས་ཉི་མ་ལ་ཅེར་དོན་ཅི་རེད་ཟེར་ན། ཚང་མས་ཤེས་གསལ་ལྟར། ཉི་མས་འོད་དང་ཚ་དྲོད་ཁྱེར་ཡོང་བ་དང་སའི་གོ་ལའི་སྟེང་གི་ཚེ་སྲོག་སྐྱོང་གི་ཡོད་མོད། འོན་ཀྱང་ཉི་མས་མཚམས་རེར“ཧབ་སྦྲིད་རྒྱག་པའི་”གནས་ཚུལ་ཡོང་རྒྱུ་ཡོད་པ་མི་མི་ཉུང་བ་ཞིག་གིས་ཤེས་ཀྱིན་མེད། གལ་ཏེ་ཉི་མས་སའི་གོ་ལའི་ཕྱོགས་སུ་“ཧབ་སྦྲིད་ཆེན་པོ”ཞིག་བརྒྱབ་པ་དང་། གློག་ལྡན་རིལ་རྡུལ་སའི་གོ་ལའི་ཕྱོགས་སུ་སྤུར་ན། འཁོར་སྐར་སོགས་སྒྲིག་ཆས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད་པ་ཤེས་ཡོད། དེ་ནས་འདབ་པ་རྫོང་དུ་བཙུགས་པའི་སྒོར་དབྱིབས་ཉི་མའི་འཕྲོ་གློག་བརྙན་འཆར་རྒྱང་ཤེལ་གྱིས་ཚན་རིག་གི་དམིགས་ཚད་གཙོ་བོ་ནི་ཉི་མའི་འགུལ་སྐྱོད་ལ་ལྟ་ཞིབ་ཚད་ལེན་བྱས་ནས་གསེར་ལྟ་བུའི་དུས་ཚོད་དམ་དུ་བཟུང་ནས་བར་སྣང་གི་གནམ་གཤིས་ལ་སྔོན་བརྡ་དང་སྔོན་ཟོན་གཏོང་ཐུབ།

2019ལོར་ལྷོ་བྱང་དཀྱིལ་ཐིག་ལས་གྲྭའི་དུས་ཐེངས་གཉིས་པར་རྒྱལ་ཁབ་ཀྱི་ལས་གཞི་འཛུགས་རྒྱུའི་ཆོག་མཆན་ཐོབ་ནས་སྐྲུན་འགོ་བཙུགས་པ་དང་ལོ་དེ་རང་དུ་སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་སྒོར་དབྱིབས་ཉི་མའི་འཕྲོ་གློག་བརྙན་འཆར་རྒྱང་ཤེལ་ལ་ལེ་སྒྲིག་ས་གནས་ལས་གཞིར་ཆོག་མཆན་ཐོབ་པ་དང་འབྲེལ་འཛུགས་འགོ་བཙུགས་པ་དང་། དོན་དངོས་སུ2021ལོའི་ཟླ་བ3པ་ནས་བཟུང་ཕྱོགས་གཅིག་ནས་འཛུགས་སྐྲུན་དང་། ཕྱོགས་གཅིག་ནས་ཚོད་སྒྲིག། ཕྱོགས་གཅིག་ནས་འཁོར་སྐྱོད་བཅས་བྱས་ནས་བརྙན་རིས་དང་གཞི་གྲངས་འབོར་ཆེན་ཐོབ་ཡོད། ད་སྔར། གནམ་སྐུད་མང་ཆེ་བ་བསྒྲིགས་ཚར་ཞིང་། གྲས་འགྲིག་པོས་ཉི་མའི་ཕྱོགས་སུ་འཁོར་ཏེ་ཉིན་རྒྱུན་གྱི་ཚན་རིག་ལྟ་ཞིབ་ཚད་ལེན་བྱེད་འགོ་བརྩམས་པ་རེད།།



  • ལེ་ཚན་སྔོན་མ།:སྐབས་བཅུ་གཉིས་པའི་ཞིང་ཨུའི་རེས་སྐོར་དང་པོའི་སྐོར་ཞིབ་ལས་ལན་བསློགས་གནད་དོན་དག་ཐེར་ལས་དོན་སྐུལ་འདེད་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གི་ཏན་ཞ་གྲོང་རྡལ་ཆུང་ངུ་སྒོ་ཕྱེ་ནས་ལས་གཉེར་བྱེད་འགོ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།